རྩོམ་སྒྱུར་ཟབ་སྦྱོང་གི་གསལ་བསྒྲགས།

༄། །དྷ་ས་བོད་ཀྱི་དཔེ་མཛོད་ཁང་ནས་ ༢༠༠༦ ལོ་ནས་འགོ་བརྩམས་ཏེ་དམིགས་བསལ་འདེམས་སྒྲུག་གིས་ལོ་རེར་དོན་ གཉེར་བ་ཉི་ཤུ་རྩ་ལྔ་ལྷག་ཙམ་ལ་ད་བར་ཟླ་བ་གསུམ་གྱི་རྩོམ་སྒྱུར་ཟབ་སྦྱོང་ཐེངས་བཅོ་ལྔ་གོ་སྒྲིག་ཞུས་ཡོད་ཅིང་། རྩོམ་སྒྱུར་ཟབ་སྦྱོང་ཐེངས་བཅུ་དྲུག་པ་དེ་ ༢༠༢༤ ཟླ་ ༧ ཚེས་ ༩ ནས་ཟླ་ ༩ ཚེས་ ༣༠ བར་གོ་སྒྲིག་ཞུ་རྒྱུ་ཡིན་པས། དོན་གཉེར་ཅན་རྣམས་ནས་འདི་ལོའི་ཕྱི་ཟླ་ ༧ ཚེས་ ༨ འགྱངས་མེད་སྙན་ཞུ་དང་གཤམ་འཁོད་དགོས་ངེས་ཡིག་ཆ་བཅས་བོད་ཀྱི་དཔེ་མཛོད་ཁང་དུ་འབུལ་དགོས།

དགོས་ངེས་ཆ་རྐྱེན་ཁག

  • ཟབ་སྦྱོང་ནང་འཛུལ་ཞུགས་ཟིན་རྗེས་ཟླ་བ་གསུམ་རིང་སློབ་གཉེར་མུ་མཐུད་བྱེད་རྒྱུའི་ཁས་ལེན་དམ་བཅའ་མཚོན་ཆེད་མཚན་རྟགས་བཀོད་པའི་ཡི་གེ་ཞིག་དགོས།
  • ཁྲིམས་མཐུན་གྱི་ངོ་སྤྲོད་ལག་འཁྱེར་གཅིག་གི་འདྲ་བཤུས་ངེས་པར་དགོས། དཔེར་ན། རྒྱ་གར་སྐྱབས་བཅོལ་ལག་དེབ་ (RC) ཨདྷཱར་ངོ་སྤྲོད་ལག་འཁྱེར།(Adhaar Card) ཕྱི་སྐྱོད་ལག་དེབ། (passport) ཕྱི་སྐྱོད་ལག་དེབ་སེར་པོ། (IC) སོགས།
  • དམའ་མཐར་བོད་ཨིན་གྱི་ཤེས་ཚད་དེང་དུས་འཛིན་རིམ་བཅུ་གཉིས་སམ་དེ་དང་མཉམ་པའི་སློབ་ཐོན་ལག་འཁྱེར་གྱི་འདྲ་བཤུས།

འདི་ལོ་ཡང་ཟབ་སྦྱོང་དུ་སློབ་གཉེར་བའི་ས་མིག་ཉི་ཤུ་རྩ་ལྔ་ཐམ་པ་ཡོད་ཅིང་། དེ་ཡང་སྙན་ཞུ་སྔ་ཕྱི་གོ་རིམ་གྱིས་བླང་རྒྱུ་ཡིན། འདེམས་ཐོན་བྱུང་བའི་སློབ་མ་རེར་ཟླ་རེར་སྒོར་ ༥༠༠༠ (ལྔ་སྟོང་ཐམ་པ་) གནང་རྒྱུ།

ཟབ་སྦྱོང་སློབ་འཁྲིད་དང་འཛིན་གྲྭ།

ནང་ཆོས་དང་ནང་པའི་ལྟ་གྲུབ་ཀྱི་སློབ་འཁྲིད་གནང་མཁན་གཉིས་དང། བོད་ཡིག་སློབ་འཁྲིད་གནང་མཁན་གཉིས། ཨིན་ཡིག་སློབ་འཁིད་གནང་མཁན་གཅིག འགྱུར་གྱི་སློབ་འཁྲིད་གནང་མཁན་གསུམ་བཅས་ཟབ་སྦྱོང་ཆེད་སློབ་འཁྲིད་གནང་མཁན་དགེ་རྒན་བརྒྱད་ཡོད་ཀྱང་གྲངས་ཚད་ལ་འགྱུར་བ་ཡོང་སྲིད།
ཞིབ་ཕྲའི་གནས་ཚུལ་དཔེ་མཛོད་ཁང་གི་དྲྭ་རྒྱ་ www.tibetanlibrary.org ལ་གཟིགས་རོགས།
Translation.Workshop.Details.2024.pdf

Check Also

ཕྱི་ལོ་ ༢༠༢༤ ཟླ་བ་ ༡༢ ཚེས་ ༡༢ ཉིན་ནིའུ་ཛི་ལེནྚ་གྲོས་ཚོགས་འཐུས་མི་གསུམ་དང་། ཕི་ཇཱིའི་གྲོས་ཚོགས་འཐུས་མི་བཅས་དྷ་ས་བོད་ཀྱི་དཔེ་མཛོད་ཁང་དུ་འཚམས་གཟིགས་ལ་ཕེབས་པ།

ཕྱི་ལོ་ ༢༠༢༤ ཟླ་བ་ ༡༢ ཚེས་ ༡༢ ཉིན་ནིའུ་ཛི་ལེནྚ་གྲོས་ཚོགས་འཐུས་མི་གསུམ་དང་། ཕི་ཇཱིའི་གྲོས་ཚོགས་འཐུས་མི་བཅས་དྷ་ས་བོད་ཀྱི་དཔེ་མཛོད་ཁང་དུ་འཚམས་གཟིགས་ལ་ཕེབས་པ།