རབ་གནས་ཤིང་ཕོ་འབྲུག་ལོའི་(༢༠༢༤)བོད་ཀྱི་རིག་གཞུང་ཟབ་སྦྱོང་།

༄། །བཞུགས་སྒར་བོད་ཀྱི་དཔེ་མཛོད་ཁང་ནས་བོད་ཀྱི་ཆོས་དང་རིག་གཞུང་ལ་གཅིག་ཏུ་བློ་སེམས་དཀར་བའི་དོན་གཉེར་ཅན་གྱི་སློབ་ཕྲུག་ཉི་ཤུ་རྩ་ལྔ་སྐོར་ལ། ༢༠༢༤ ཟླ་ ༤ པའི་ཚེས་ ༣ ཉིན་ནས་ཟླ་བ་ ༥ པའི་ཚེས་ ༣༡ བར་ཟླ་བ་གཉིས་ཀྱི་དུས་ཡུན་རིང་བོད་ཀྱི་སྐད་ཡིག་དང་རྩོམ་རིག། བོད་ཀྱི་གནའ་དེང་གི་ལོ་རྒྱུས། ནང་ཆོས་ཀྱི་ལྟ་གྲུབ། དེ་དག་དང་འབྲེལ་བའི་ལས་འཆར་བཅས་ཀྱི་ཐོག་སློབ་ཁྲིད་དང་རྒྱུས་སྟོན། ཉམས་ཞིབ་ཀྱི་བྱེད་སྒོ་བཅས་གང་ཐུབ་གོ་སྒྲིག་ཞུ་རྒྱུ་ཡིན། ཟབ་སྦྱོང་འདིར་འཛུལ་ཞུགས་གནང་འདོད་ཡོད་པ་རྣམས་ནས་གཤམ་གསལ་ཆ་རྐྱེན་ངེས་པར་འཚང་དགོས།
༡ བོད་མི་རྣམས་ནས་བོད་ཀྱི་ལག་དེབ་ལྗང་ཁུ་ཕྱི་ལོ་ ༢༠༢༣ བར་བཀང་ཟིན་པ་དང་། ལ་དྭགས་དང་མོན་སོགས་ཧི་མཱ་ལ་ཡའི་རི་རྒྱུད་ཁག་དང་། འབྲུག་དང་བལ་ཡུལ་བཅས་ནས་ཡིན་ན་རང་གི་ངོ་སྤྲོད་ལག་འཁྱེར་བཅས་ཀྱི་འདྲ་བཤུས་འདིར་འབུལ་དགོས།
༢ རང་གི་ཤེས་ཚད་ལོ་རྒྱུས་འཁོད་པའི་བོད་ཡིག་ལག་བྲིས་འབྲི་རྩོམ་ཤོག་ངོས་གཉིས་ཅན་ཞིག་འདིར་འབུལ་དགོས།
(གསལ་བཤད། གོང་གསལ་ཆ་རྐྱེན་རྣམས་རང་ཉིད་འདི་གར་ཕེབས་དུས་མཉམ་འཁྱེར་གནང་དགོས།)
མཐུན་རྐྱེན།
སློབ་ཡོན་རིན་མེད་ཐོག་འཚོ་སྣོན་དུ་སློབ་ཕྲུག་རེར་ཟླ་རེར་ཧིན་སྒོར་ ༥༠༠༠། འབུལ་རྒྱུ། དེ་ཡི་སྟེང་དགེ་རྒན་དང་དེབ་སོགས་ཀྱི་མཐུན་རྐྱེན་ཡང་སྦྱར་རྒྱུ་ཡིན། གོང་གསལ་ཆ་རྐྱེན་གསུམ་ཚང་དགོས་པ་ལ་དམིགས་བསལ་མེད། སློབ་ཁྲིད་ཡོངས་རྫོགས་བོད་ཀྱི་སྐད་ཡིག་གི་ལམ་ནས་འགྲེལ་བརྗོད་ཞུ་རྒྱུ་ལགས་སོ།།
ཟབ་སྦྱོང་དུ་འཛུལ་ཞུགས་སྙན་ཞུ་དྲུང་ཆེའི་མཚན་ཐོག་ཕྱི་ཟླ་ ༣ པའི་ཚེས་ ༢༠ ཡི་སྔོན་ལ་གཤམ་གསལ་ཨི་མེལ་བརྒྱུད་འདི་གར་ཕུལ་འབྱོར་ཟིན་པ་དགོས། འདི་ནས་ཕྱི་ཟླ་ ༣ པའི་ཚེས་ ༢༥ ཉིན་ཁྱེད་རང་འདི་གར་ཚུད་མིན་ལན་གསལ་འབུལ་རྒྱུ་ཡིན། ཁྱེད་ཀྱི་སྙན་ཞུའི་ནང་རང་གི་དྲ་རྒྱའི་ཁ་བྱང་(email id)དང་ཁ་པར་ཨང་གྲངས་ངེས་པར་དུ་བཀོད་དགོས་པ་ཐུགས་འཇགས་འཚལ། བོད་ཀྱི་དཔེ་མཛོད་ཁང་གི་འཛིན་སྐྱོང་ཡིག་ཚང་ནས་ཕྱི་ལོ་ ༢༠༢༤ ཟླ་བ་ ༣ པའི་ཚེས་ ༡ ལ།།
For further information contact:
The office Secretary
Tibetan Library (LTWA), Dharamshala-176215 HP, India
Phone:+91 9882-255047 Email: ltwa1970@gmail.com,
www.tibetanlibrary.org/
www.facebookcom/tibetanlibrary

Next Prev
 
Next Prev

Check Also

ཕྱི་ལོ་ ༢༠༢༤ ཟླ་ ༤ ཚེས་ ༡༠ ཉིན་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གི་དགེ་འདུན་པ་བཞི་ནས་བོད་ཀྱི་དཔེ་མཛོད་ཁང་གི་འགྲེམས་སྟོན་ཁང་དུ་སྒྲོལ་མའི་མནྜལ་བཞི་པའི་ཆོ་ག་དང་འབྲེལ་གསར་དུ་བཞེངས་བའི་སྐུ་ཐང་ཁག་ལ་ཁྲུས་གསོལ་རབ་གནས་མཛད་པ།

ཕྱི་ལོ་ ༢༠༢༤ ཟླ་ ༤ ཚེས་ ༡༠ ཉིན་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གི་དགེ་འདུན་པ་བཞི་ནས་བོད་ཀྱི་དཔེ་མཛོད་ཁང་གི་འགྲེམས་སྟོན་ཁང་དུ་སྒྲོལ་མའི་མནྜལ་བཞི་པའི་ཆོ་ག་དང་འབྲེལ་གསར་དུ་བཞེངས་བའི་སྐུ་ཐང་ཁག་ལ་ཁྲུས་གསོལ་རབ་གནས་མཛད་པ།