འབོད་སྐུལ།

འབོད་སྐུལ།

༄༅། །རང་གི་སྐད་ཡིག་ལ་དུང་བ་ཟབ་པའི་མཁྱེན་ལྡན་རྒྱ་ཆེའི་རྩོམ་པ་པོ་རྣམས་ལ་ཞུ་རྒྱུར། བཞུགས་སྒར་རྡ་རམ་ས་ལར་རྟེན་གཞི་བྱས་པའི་བོད་ཀྱི་དཔེ་མཛོད་ཁང་གིས་ཕྱི་ལོ་ ༢༠༢༢ ནས་བཟུང་ལ་རྒྱ་ཞེས་པའི་བོད་ཡིག་དུས་དེབ་གཅིག་ལོ་རེར་ཐེངས་རེ་འདོན་འཆར་ཡོད་པ་བཞིན་འདི་ལོར་འདོན་ཐེངས་དང་པོ་བཏོན་ཟིན། དེ་ཡང་བསམ་བློ་ཆེ་ས་ནས་དང་བྱ་བ་ཆུང་ས་ནས་ཞེས་པ་ལྟར། འདོན་ཐེངས་དང་པོའི་ནང་གི་རྩོམ་ཡིག་ཚང་མ་འདི་ག་དཔེ་མཛོད་རང་གི་ལས་བྱེད་རྣམས་ཀྱིས་གནང་ཞིང་། འདོན་ཐེངས་གཉིས་པ་ནས་བོད་ཡིག་ལ་དགའ་ཞེན་ཆེ་ཞིང་མི་རིགས་ཀྱི་ལ་རྒྱ་ཟབ་པའི་རྩོམ་པ་པོ་རྣམས་ཀྱི་དྲུང་ནས་རྩོམ་ཡིག་ཞལ་འདེབས་གནང་རྒྱུར་རེ་བ་ཞུ་བཞིན་ཡོད། དུས་དེབ་ཀྱི་དམིགས་ཡུལ་ནི། དེང་གི་དུས་སུ་བཙན་བྱོལ་སྤྱི་ཚོགས་ནང་གི་བོད་ཕྲུག་ཚོ་བོད་ཡིག་འབྲི་ཀློག་ལ་དོ་དབྱིངས་དང་སྤྲོ་སྣང་ཞན་པ་གསལ་པོར་སོང་། ཁོང་ཚོའི་ཁམས་དང་མོས་པར་འཚམ་ཞིང་རང་འགུལ་ངང་དགའ་པོར་འཇུག་ནུས་པའི་དུས་དེབ་ཅིག་དཔར་སྐྲུན་ཐུབ་ན་བོད་ཡིག་འབྲི་ཀློག་ཐད་དོ་དབྱིངས་འཕེལ་བར་ཕན་ཐོགས་ཐུབ་རྒྱུར་གདོན་མི་ཟ་བས། མཁྱེན་ལྡན་རྣམས་ཀྱིས་དེ་དེ་བཞིན་དུ་རྩོམ་ཡིག་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུ་རྒྱུ་ཡིན།

ཐུགས་སྣང་།

དུས་དེབ་འདི་གཙོ་བོ་གཞོན་སྐྱེས་སོགས་ལ་དམིགས་པས་རྩོམ་ཡིག་ཁག་ངེས་པར་དུ་ཁོང་ཚོས་དོ་དབྱིངས་དང་དགའ་སྣང་ཆེན་པོས་རང་འགུལ་ངང་ཀློག་འདོད་པ་ཞིག་ཅིས་ཀྱང་དགོས། ཁྱེད་ཀྱིས་གནང་བའི་རྩོམ་ཡིག་འདི་གའི་ཚོགས་ཆུང་གི་ངོས་ནས་གཟིགས་ཞིབ་གནང་རྒྱུ། རྩོམ་ཡིག་དུས་དེབ་ནང་བཏོན་ཟིན་མཚམས་སུ་རྩོམ་པ་པོ་སོ་སོར་ལེགས་གསོལ་སླད་དུས་དེབ་རེ་དང་དཔེ་མཛོད་ཀྱིས་དཔར་སྐྲུན་ཞུས་པའི་དཔེ་དེབ་གཅིག་ཁྱེད་ཀྱི་ཐུགས་འདོད་ལྟར་རིན་མེད་ངང་འབུལ་རྒྱུ་ཡིན།
བརྗོད་བྱ། མི་སྣ་ངོ་སྤྲོད་དང་། ནང་ཆོས། སྤྱིར་བཏང་ཤེས་བྱ། ལོ་རྒྱུས། འཕྲོད་བསྟེན། སྒྲུང་གཏམ། ཡུལ་སྲོལ། བཙན་བྱོལ་སྤྱི་ཚོགས། རྩེད་རིགས། གཏམ་དཔེ། གཏམ་རྒྱུད། འཕྲུལ་ཆས། དགོད་བྲོའི་གཏམ་སོགས་གང་ཡིན་ཀྱང་ཆོག །འོན་ཏེ་རྩོམ་ཡིག་གི་ཤོག་གྲངས་ཉུང་མཐར་གཅིག་ནས་མང་མཐར་ལྔ་ལས་མི་མང་བ་དགོས།
རྩོམ་ཡིག་གནང་ཡུལ། tsenorbu59@gmail.com
ཁ་པར་ཨང་གྲངས། ༨༣༥༡༩༧༢༨༠༣
བོད་ཀྱི་དཔེ་མཛོད་ཁང་གི་ལ་རྒྱ་དུས་དེབ་རྩོམ་སྒྲིག་ཚོགས་ཆུང་ནས་ཕྱི་ལོ་ ༢༠༢༣ ཟླ་ ༡ ཚེས་ ༡༩ ཉིན།

Check Also

གཏམ་རྒྱུད་གསེར་གྱི་ཐང་མ་སྟོད་ཆ་དང་སྨད་ཆ་གཉིས་ཀྱི་སྐོར་གཏམ་བཤད་གནང་བ།

ཕྱི་ལོ་ ༢༠༢༤ ཟླ་ ༥ ཚེས་ ༦ ཉིན་འབུམ་རམས་པ་དགེ་བཤེས་བློ་བཟང་རྡོ་རྗེ་རབ་གླིང་ལགས་ནས་ཞུ་སྒྲིག་ལེགས་པར་གྲུབ་པའི་མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་མཛད་པའི་གཏམ་རྒྱུད་གསེར་གྱི་ཐང་མ་སྟོད་ཆ་དང་སྨད་ཆ་གཉིས་ཀྱི་སྐོར་གཏམ་བཤད་གནང་བ།