མོན་གྷོ་འདོད་དགུ་གླིང་དུ་ལོ་རྒྱུས་འཚོལ་སྡུད་གསལ་བསྒྲགས།
༄༅། །བོད་སྤྱི་དང་། ཡང་ན་མི་སྒེར་སོ་སོའི་ལོ་རྒྱུས་རྩོམ་འབྲི་བྱེད་དགོས་ཞེས་དེ་སྔ་ཡང་འབོད་སྐུལ་བྱས་ཡོད་ལ། དེ་རིང་ཡང་སྐྱར་འབོད་སྐུལ་བྱེད་འདོད་བྱུང་། འདི་ནི་ཤིན་ཏུ་གལ་ཆེན་པོ་ཡིན། ང་རང་སོ་སོའི་ལོ་རྒྱུས་འབྲི་རིན་མི་འདུག་སྙམ་པ་ཞིག་འཆར་གྱི་ཡོད་ནའང༌། དོན་ངོ་མའི་ཆ་ལ་ང་ཚོའི་མི་ཐོག་འདི་རྣམ་གྲངས་མང་པོའི་དཀའ་སྡུག་དང༌། འགལ་རྐྱེན་ཁྲོད་ནས་མི་རིགས་རང་ཚོ་བཟུང་སྟེ་མ་འོངས་པའི་མདུན་ལམ་གསར་གཏོད་བྱེད་མཁན་གྱི་མི་ཐོག་ཅིག་ཡིན་དུས། མི་ཐོག་འདིའི་ཐོག་ལ་བྱུང་བའི་ཉམས་མྱོང་རྣམས་ཡིག་ཐོག་ཏུ་འཁོད་པ་བྱ་རྒྱུ་ཧ་ཅང་གལ་ཆེར་མཐོང། ཞེས་༸གོང་ས་མཆོག་ནས་བཀའ་སློབ་ཕེབས་ཡོད་པ་བཞིན། ད་ལམ་བོད་ཀྱི་དཔེ་མཛོད་ཁང་གི་ལས་བྱེད་ས་གནས་སུ་ཆེད་བཅར་གྱིས་ལོ་རྒྱུས་བཅར་འདྲི་ཞུ་མུས་ཡིན་པས། ཚང་མས་སྤྱི་དོན་ལ་དགོངས་ཏེ་ཐུགས་ཁུར་ཆེ་བཞེས་ཀྱིས་ལོ་རྒྱུས་གསུང་རྒྱུར་མཐུན་འགྱུར་གང་དྲག་གནང་སྐྱོང་ཡོང་བ་ཞུ།
Check Also
ནང་ཆོས་དང་ཚན་རིག་གཉིས་ཀྱི་འགྲེམས་སྟོན།
སོག་ཡུལ་རྒྱལ་ས་ཨུ་ལཨན་བྷ་ཊར་ནང་ཡོད་པའི་ཅིང་གྷིས་ཁཱན་འགྲེམས་སྟོན་ཁང་དུ་ནང་ཆོས་དང་ཚན་རིག་གཉིས་ནས་འགྲེལ་བརྗོད་བྱེད་པའི་དབང་པོའི་འཇིག་རྟེན་དང་ཁོར་ཡུག་དང་རྡུལ་ཕྲན་སྐོར་གྱི་འགྲེམས་སྟོན།
Library of Tibetan Works and Archives The Library of Tibetan Works and Archives is a Tibetan library in Dharamshala, India.
