བོད་ཀྱི་སྐད་ཡིག་སློབ་ཁྲིད་བྱེད་ཀྱི་ཡོད།

༄༅། །བཞུགས་སྒར་བོད་ཀྱི་དཔེ་མཛོད་ཁང་ནས་ ༢༠༢༡-༢༠༢༢ ལོའི་སྔ་དྲོའི་བོད་ཀྱི་སྐད་ཡིག་སློབ་ཁྲིད་ཐེངས་དང་པོ་ཕྱི་ལོ་ ༢༠༢༡ ཟླ་བ་ ༡༡ ཆེས་ ༡༨ ནས་ ཟླ་བ་ ༡༢ ཚེས་ ༡༧ བར་ཟླ་གཅིག་རིང་འཚོགས་རྒྱུ་ཡིན། ཐུགས་འདོད་དང་དུས་ཚོད་ཡོད་རིགས་རྣམས་ནས་བོད་ཀྱི་དཔེ་མཛོད་ཁང་གི་འཛིན་སྐྱོང་ལས་ཁུངས་སུ་མིང་ཐོ་དེབ་སྐྱེལ་དང་ཆབས་ཅིག་ཏོག་དབྱིབས་སྔོན་འགོག་ཁབ་གཉིས་བརྒྱབ་པའི་གནས་ཚུལ་མཁོ་སྤྲོད་དང་། ཁ་རས་རྒྱུན་དུ་གྱོན་དགོས་པའི་ལམ་སྟོན་བཅས།

བརྗོད་བྱ། སློབ་ཕྲུག་ཚོའི་དགོས་མཁོ་ལ་བརྟེན་ནས་བརྗོད་བྱ་གཏན་འབེབས་དང་ཁྲིད་ཐབས་བྱེད་རྒྱུ།
དུས་ཚོད། སྔ་དྲོ་ཆུ་ཚོད་ ༧:༤༥ ནས་ ༨:༤༥ བར་ཡིན།
དགེ་རྒན། སངས་རྒྱས་བསྟན་དར།
ཚོགས་ཁང་། དཔེ་མཛོད་སྐད་ཡིག་འཛིན་གྲྭ (དཔེ་མཛོད་ངོ་མའི་ནང་དུ་འཛུལ་མི་དགོས།)
དེབ་སྐྱེལ་ཡོན། ཧིན་སྒོར་ ༡༠༠།
འབྲེལ་བ། ༩༨༨༢༢༥༥༠༤༧

 

Next Prev
Next Prev

Check Also

མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་མཛད་པའི་གཏམ་རྒྱུད་གསེར་གྱི་ཐང་མ་སྟོད་ཆ་དང་སྨད་ཆ་གཉིས་ཀྱི་སྐོར་གཏམ་བཤད་གནང་རྒྱུ།

ཕྱི་ལོ་ ༢༠༢༤ ཟླ་ ༥ ཚེས་ ༦ ཉིན་འབུམ་རམས་པ་དགེ་བཤེས་བློ་བཟང་རྡོ་རྗེ་རབ་གླིང་ལགས་ནས་ཞུ་སྒྲིག་ལེགས་པར་གྲུབ་པའི་མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་མཛད་པའི་གཏམ་རྒྱུད་གསེར་གྱི་ཐང་མ་སྟོད་ཆ་དང་སྨད་ཆ་གཉིས་ཀྱི་སྐོར་གཏམ་བཤད་གནང་རྒྱུ།