བོད་ཀྱི་དཔེ་མཛོད་ཁང་དུ་ཧི་མཱ་ཅལ་མངའ་སྡེའི་གྲོས་ཚོགས་འཐུས་མི་ཞིག་གིས་འཚམས་གཟིགས་གནང་བ།

སྤྱི་ལོ་ ༢༠༢༠ ཟླ་ ༨ ཚེས་ ༢༡ ཉིན་ཧི་མ་ཅཱལ་མངའ་ཁོངས་རྡ་རམ་ས་ལའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཝི་ཤལ་ནི་རི་ཡ་(Vishal Nehria, MLA Dharamshala)མཆོག་དང་ཕྱག་འབྲེལ་མི་སྣ་སྐོར་ཞིག །དེ་བཞིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་ལགས་བཅས་བོད་ཀྱི་དཔེ་མཛོད་ཁང་དུ་གཟིགས་སྐོར་དུ་ཕེབས་པ་དང་། འདི་གའི་ངེས་སྟོན་པ་དགེ་བཤེས་ལྷག་རྡོར་ལགས་ནས་ཁོང་རྣམ་པར་བོད་ཀྱི་དཔེ་མཛོད་ཁང་གི་ལོ་རྒྱུས་ཀྱི་བྱུང་བ་དང་དམིགས་ཡུལ། དེ་བཞིན་སྡེ་ཚན་ཁག་དང་སྡེ་ཚན་སོ་སོའི་ལས་འཆར་སོགས་ངོ་སྤྲོད་གནང་རྗེས་ཁོང་རྣམ་པས་འདི་གའི་འགྲེམ་སྟོན་ཁང་དུ་གཟིགས་སྐོར་དུ་ཕེབས།

 

Next Prev
Next Prev

Check Also

རབ་གནས་ཤིང་མོ་སྦྲུལ་ལོའི་བོད་ཀྱི་རིག་གཞུང་ཟབ་སྦྱོང་།

༄།  །བཞུགས་སྒར་བོད་ཀྱི་དཔེ་མཛོད་ཁང་ནས་བོད་ཀྱི་ཆོས་དང་རིག་གཞུང་ལ་གཅིག་ཏུ་བློ་སེམས་དཀར་བའི་དོན་གཉེར་ཅན་གྱི་སློབ་ཕྲུག་ཉི་ཤུ་རྩ་ལྔ་སྐོར་ལ། ༢༠༢༥ ཟླ་ ༤ པའི་ཚེས་ ༢ ནས་ཟླ་བ་ ༥ པའི་ཚེས་ ༣༠ བར་ཟླ་བ་གཉིས་ཀྱི་དུས་ཡུན་རིང་བོད་ཀྱི་སྐད་ཡིག་དང་རྩོམ་རིག། ...