བོད་ཀྱི་དཔེ་མཛོད་ཁང་དབུ་བརྙེས་ནས་ལོ་ངོ་ ༥༠ འཁོར་བའི་དུས་དྲན་ཉིན་དཔེ་དེབ་ལྔ་དབུ་འབྱེད་གནང་བ།

༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༦ ཚེས་ ༡༡ རེས་གཟའ་ཕུར་བུའི་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་༸སྐུའི་གསུང་སྒྱུར་ཟུར་པ་དགེ་བཤེས་ལྷག་རྡོར་མཆོག་གིས་དབུས་རྡ་ས་བོད་ཀྱི་དཔེ་མཛོད་ཁང་གི་ཚན་པ་འདྲ་མིན་གྱི་འགན་འཛིན་དང་ཆོས་དགེ། ལོ་ཙཱ་བ། ཉམས་ཞིབ་པ། གསུང་སྒྱུར་བ་དང་དགེ་རྒན་བཅས་ལྷན་འཛོམས་དབུས། འགན་འཛིན་མཆོག་གིས་དེབ་ལྔ་དབུ་འབྱེད་གནང་འདུག
དེ་ཡང་བེ་རི་འཇིགས་མེད་དབང་རྒྱལ་གྱིས་བརྩམས་པའི་དགའ་ལྡན་ཁྲི་རབས་རིམ་བྱུང་གི་རྣམ་ཐར། གཙང་ཕྲུག་སྟོབས་ལགས་ཀྱིས་བརྩམས་པའི། པཎ་ཆེན་སྐུ་ཕྲེང་དགུ་པ་དང་གཞུང་བླའི་དོན་རྐྱེན་སོགས་ལ་དཔྱད་པ། ལྕགས་ཐག་གིས་བཅིངས་པའི་བོད་ཀྱི་ཟུར་གཅིག་ཅེས་པ་ན་ག་སངས་རྒྱས་བསྟན་དར་ལགས་ཀྱིས་ཞུ་སྒྲིག་གནང་བ། དཔྱིད་ས་དྲུང་ཆེན་སྤྲུལ་སྐུས་བརྩམས་པའི་ཆོས་དབྱིངས་བསྟོད་པའི་འགྲེལ་བ་དགོངས་ཟབ་སྣང་བ། དགེ་བཤེས་འཇིགས་མེད་བློ་གྲོས་ཀྱིས་བརྩམས་པའི་གཙུག་ལག་གཞུང་ཆེན་མཇལ་བའི་ཟིན་ཐོ། ཞེས་པ་ཡིན་འདུག
སྤྱིར་དེ་རིང་སྟེ་ཕྱི་ལོ་ ༢༠༢༠ ཟླ་ ༦ ཚེས་ ༡༡ ཉིན་འདི་བཞིན་བོད་ཀྱི་དཔེ་མཛོད་ཁང་དབུ་བརྙེས་ནས་མི་ལོ་ ༥༠ འཁོར་བའི་དུས་དྲན་ཡིན་འདུག
བོད་ཀྱི་དཔེ་མཛོད་ཁང་དེ་བཞིན་ཐོག་མར་ཕྱི་ལོ་ ༡༩༧༠ ཟླ་ ༦ ཚེས་ ༡༡ ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུ་འབྱེད་རབ་གནས་བཀའ་དྲིན་བསྐྱངས་འདུག

 

Next Prev

The Director releases five new publications on Tibetan culture and history.

Next Prev

Check Also

ཕྱི་ལོ་ ༢༠༢༤ ཟླ་བ་ ༡༢ ཚེས་ ༡༢ ཉིན་ནིའུ་ཛི་ལེནྚ་གྲོས་ཚོགས་འཐུས་མི་གསུམ་དང་། ཕི་ཇཱིའི་གྲོས་ཚོགས་འཐུས་མི་བཅས་དྷ་ས་བོད་ཀྱི་དཔེ་མཛོད་ཁང་དུ་འཚམས་གཟིགས་ལ་ཕེབས་པ།

ཕྱི་ལོ་ ༢༠༢༤ ཟླ་བ་ ༡༢ ཚེས་ ༡༢ ཉིན་ནིའུ་ཛི་ལེནྚ་གྲོས་ཚོགས་འཐུས་མི་གསུམ་དང་། ཕི་ཇཱིའི་གྲོས་ཚོགས་འཐུས་མི་བཅས་དྷ་ས་བོད་ཀྱི་དཔེ་མཛོད་ཁང་དུ་འཚམས་གཟིགས་ལ་ཕེབས་པ།