བོད་ཀྱི་དཔེ་མཛོད་ཁང་གི་ལས་བྱེད་ས་མིག་གསལ་བསྒྲགས།

འདི་ག་བོད་ཀྱི་དཔེ་མཛོད་ཁང་དུ་གཤམ་གསལ་ལྟར་ལས་ཀའི་ས་མིག་སྟོང་པ་གསུམ་ཡོད་པས་བོད་རིགས་འཛུལ་བློ་ཡོད་རིགས་ཚོས་དེ་ལུགས་དགོངས་ཆུབ་མཛོད།
༡ དཔར་སྐྲུན་ལས་རོགས (དབྱིན་ཡིག) – གཏན་འཇགས་ས་མིག
༢ དཔེ་མཛོད་དོ་དམ་ལས་རོགས།– གཏན་འཇགས་ས་མིག
༣ ཀམ་པུའུ་ཊར་ཐོག་ཉར་ཚགས་ལས་བྱེད།– འཕྲལ་སེལ་ས་མིག
གོང་གི་ལས་རིགས་ཁག་ནང་འཛུལ་ཞུགས་གནང་འདོད་ཡོད་པ་རྣམས་ནས་རང་གི་ལོ་རྒྱུས་སྙིང་བསྡུས་དང་། དུས་ཐོག་ཏུ་དེབ་སྐྱེལ་ཟིན་པའི་སྐྱབས་བཅོལ་ལག་འཁྱེར། བོད་མིའི་དང་བླངས་དཔྱ་དངུལ་དུས་ཐོག་ཕུལ་བའི་ལག་དེབ། གཟུགས་གཞི་བདེ་ཐང་ཡིན་པའི་སྨན་པའི་ངོ་སྦྱོར་བཅས་ཀྱི་ངོ་བཤུས་བདེན་དཔང་འཕེར་བའི་འཚང་སྙན་ཕྱི་ལོ་ ༢༠༢༠ ཕྱི་ཟླ་ ༣ ཚེས་ ༣༠ འགྱངས་མེད་འདི་གའི་འཛིན་སྐྱོང་ཡིག་ཚང་དུ་ངེས་འབུལ་ཡོང་བ་དགོངས་འཇགས།
འབྲེལ་གཏུགས་ཁ་བྱང།

Administrative Office
Library of Tibetan Works & Archives
Gangchen Kyishong
Dharamsala – 176215, H.P.
E-mail: ltwa1970(at)gmail.com

 

Next Prev
Next Prev

Check Also

ས་མིག་གསལ་བསྒྲགས།

ས་མིག ལོ་ཙཱ་བ། ཉུང་མཐའི་ཤེས་ཚད་དང་ཉམས་མྱོང་། ཉེ་བའི་གཙུག་ལག་རབ་འབྱམས་པ་ (BA) འམ་དེ་དང་མཉམ་པའི་ལག་འཁྱེར་ཡོད་པ། ནང་དོན་རིག་པ་དང་བོད་རིག་པའི་གཞུང་ལུགས་ཁག་བོད་ཡིག་ནས་དབྱིན་ཡིག་གམ་དབྱིན་ཡིག་ནས་བོད་ཡིག་ཏུ་སྒྱུར་བའི་ལས་ཀའི་ཉམས་མོང་ཉུང་མཐར་ལོ་གཅིག་ཡོད་པ།....