བོད་ཀྱི་དཔེ་མཛོད་ཁང་གི་ལས་བྱེད་དང་སློབ་ཕྲུག་ཐུན་མོང་ནས་མཆོད་འབུལ་སྨོན་ལམ་དང་འབྲེལ་མྱ་ངན་གུས་འདུད་ཞུས་པ།

༄༅། །དཔལ་གསང་ཆེན་སྔ་འགྱུར་རྙིང་མའི་དབུ་འཛིན་ཁྲི་རབས་བདུན་པ་༸སྐྱབས་རྗེ་ཀཿཐོག་དགེ་རྩེ་རིན་པོ་ཆེ་འགྱུར་མེད་བསྟན་པ་རྒྱལ་མཚན་མཆོག་དགོངས་པ་ཆོས་དབྱིངས་སུ་ཐིམ་པའི་ཡིད་སྐྱོའི་གནས་ཚུལ་བྱུང་བར་སྐུ་ཞི་བར་གཤེགས་པ་ྋསྐྱབས་རྗེ་ཀཿཐོག་དགེ་རྩེ་རིན་པོ་ཆེ་མཆོག་གང་གི་ཐུགས་ཀྱི་བཞེད་དགོངས་མཐའ་དག་ཡོངས་སུ་རྫོགས་པ་དང་། སླར་ཡང་བསྟན་པ་དང་འགྲོ་བའི་དོན་དུ་ཡང་སྲིད་འཁྲུལ་བྲལ་མྱུར་དུ་འབྱོན་ཕྱིར་བོད་ཀྱི་དཔེ་མཛོད་ཁང་གི་ལས་བྱེད་དང་སློབ་ཕྲུག་ཚང་འཛོམས་ཐོག ཕྱི་ལོ་ ༢༠༡༨ ཟླ་ ༡༡ ཚེས་ ༢༢ ཉིན་གུང་ཆུ་ཚོད་ ༡༢ ལ་སྨོན་ལམ་གསུང་འདོན་ཞུས།

 

Next Prev
Next Prev

Check Also

ས་མིག་གསལ་བསྒྲགས།

ས་མིག ལོ་ཙཱ་བ། ཉུང་མཐའི་ཤེས་ཚད་དང་ཉམས་མྱོང་། ཉེ་བའི་གཙུག་ལག་རབ་འབྱམས་པ་ (BA) འམ་དེ་དང་མཉམ་པའི་ལག་འཁྱེར་ཡོད་པ། ནང་དོན་རིག་པ་དང་བོད་རིག་པའི་གཞུང་ལུགས་ཁག་བོད་ཡིག་ནས་དབྱིན་ཡིག་གམ་དབྱིན་ཡིག་ནས་བོད་ཡིག་ཏུ་སྒྱུར་བའི་ལས་ཀའི་ཉམས་མོང་ཉུང་མཐར་ལོ་གཅིག་ཡོད་པ།....