བཙུན་མ་རྐྱང་པར་དམིགས་པའི་ཆེས་ཐོག་མའི་ཚན་རིག་སྣེ་འཁྲིད་ལས་འཆར།

ཕྱི་ལོ་ ༢༠༡༩ ཟླ་བ་ ༩ ཚེས་ ༣ ཉིན་འདི་ག་བོད་ཀྱི་དཔེ་མཛོད་ཁང་གི་སེ་སྒར་ཚན་རིག་ཁང་དུབཙུན་མ་རྐྱང་པར་དམིགས་པའི་ཆེས་ཐོག་མའི་ཚན་རིག་སྣེ་འཁྲིད་ལས་འཆར་འདི་དབུ་འཛུགས་གནང་ཡོད། ཉིན་དང་པོ་དབུ་འབྱེད་སྐབས་སྐུ་མགྲོན་གཙོ་བོར་བོད་ཀྱི་དཔེ་མཛོད་ཁང་གི་དྲུང་ཆེ་ངག་དབང་ཡེ་ཤེས་ལགས་ཕེབས་ཡོད་པ་དང་། དེ་བཞིན་དགེ་འདུན་པའི་ཚན་རིག་ལས་འཆར་གྱི་འགན་འཛིན་ཌོག་ཊོར་བི་ར་སི་ཇོན་སཱན་དང་། ཨ་རི་ནས་ཆེད་ཕེབས་གནང་བའི་དགེ་རྒན་རྣམ་པ་གཉིས། གཞན་ཡང་བོད་ཀྱི་དཔེ་མཛོད་ཁང་གི་སྡེ་ཚན་ཁག་གི་འགན་འཛིན་རྣམ་པ་མཉམ་བཞུགས་བྱས་ཡོད་པ་བཅས་ཡིན། ལས་གཞི་འདིར་བཙུན་དགོན་མི་འདྲ་བ་ཁག་ལྔ་ནས་བཙུན་མ་སུམ་ཅུ་སོ་གསུམ་གྱིས་མཉམ་བཞུགས་གནང་ཡོད་པ་དང་། དུས་ཡུན་ཉིན་གྲངས་བཅུ་བདུན་གྱི་རིང་དུ་བཙུན་མ་རྣམས་ལ་འབྲི་རྩོམ་དང་གཞི་རྩའི་ཚན་རིག་གི་སྐོར་ངོ་སྤྲོད་སློབ་འཁྲིད་བྱ་རྒྱུ་ཡིན་པ་རེད།

 

Next Prev

Group picture.

Next Prev

Check Also

Tibetan Language Class

༄༅།  །བཞུགས་སྒར་བོད་ཀྱི་དཔེ་མཛོད་ཁང་ནས་ ༢༠༢༥-༢༠༢༦ ལོའི་སྔ་དྲོའི་བོད་ཀྱི་སྐད་ཡིག་སློབ་ཁྲིད་ཐེངས་གཉིས་པ་ཕྱི་ལོ་ ༢༠༢༥ ཟླ་བ་ ༣ པའི་ཚེས་ ༡༢ རེས་གཟའ་ལྷག་པ་ནས་ ཟླ་བ་ ༤ ཚེས་ ༡༡ རེས་གཟའ་པ་སངས་བར་ཟླ་གཅིག་རིང་འཚོགས་རྒྱུ་ཡིན། ...