ཕྱི་ལོ་ ༢༠༢༥ ཟླ་ ༡༠ ཚེས་ ༡ རེས་གཟའ་ལྷག་པའི་ཉིན་བོད་ཀྱི་ལོ་ཙ་བའི་ཟབ་སྦྱོང་དབུ་འབྱེད་མཛད་སྒོའི་སྐབས།

ཕྱི་ལོ་ ༢༠༢༥ ཟླ་ ༡༠ ཚེས་ ༡ རེས་གཟའ་ལྷག་པའི་ཉིན་དྷ་ས་བོད་ཀྱི་དཔེ་མཛོད་ཁང་དང་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཟུང་འབྲེལ་ཐོག་གོ་སྒྲིག་ཞུས་པའི་བོད་ཀྱི་ལོ་ཙ་བའི་ཟབ་སྦྱོང་དབུ་འབྱེད་མཛད་སྒོའི་སྐབས། སྐུ་མགྲོན་གཙོ་བོ་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་བརྡོར་ལགས། དམིགས་གསལ་སྐུ་མགྲོན་༸སྐུའི་གསུང་སྒྱུར་བསྟན་འཛིན་ཚེ་དཔག་ལགས། ཆོས་རིག་དྲུང་ཆེ་བདུད་འདུལ་རྡོ་རྗེ་ལགས། བོད་ཀྱི་དཔེ་མཛོད་ཁང་གི་སྤྱི་ཁྱབ་དྲུང་ཆེ་ངག་དབང་ཡེ་ཤེས་ལགས་དང་། དེ་བཞིན་དགེ་རྒན་རྣམས་དང་ཟབ་སྦྱོང་དུ་མཉམ་ཞུགས་གནང་མཁན་ལྷན་འཛོམས་ཀྱིས་མཛད་སྒོ་འཚོགས་པ། 

Check Also

དཔེ་དེབ་གསར་ཐོན་དབུ་འབྱེད།

༄༅། དྷ་ས་བོད་ཀྱི་དཔེ་མཛོད་ཁང་ནས་རྩོམ་པ་པོ་ཆུང་ཚེ་རིང་ལགས་དང་། བསོད་ནམས་རྡོ་རྗེ་ལགས་གཉིས་ཀྱིས་བརྩམས་པའི་དཔེ་དེབ་བོད་མི་དམངས་འཆིང་བྱེད་ཀྱི་ལྕགས་སྒྲོག་ཅེས་པ་དབུ་འབྱེད་གནང་རྒྱུ།...