ཕྱི་ལོ་ ༢༠༢༤ ཟླ་ ༨ ཚེས་ ༡༤ ཉིན་ཧར་ཝཌ་མཐོ་སློབ་ཀྱི་བོད་པའི་རིག་གཞུང་ཚོགས་པ་ (Harvard College’s Tibetan Cultural Association) ནས་སློབ་ཕྲུག་བཅུ་དང་། རང་དབང་ཁང་པ་ (Freedom House) ནས་སློབ་ཕྲུག་གསུམ་བཅས་ཁྱོན་བསྡོམས་སློབ་ཕྲུག་ ༡༣ བོད་ཀྱི་དཔེ་མཛོད་ཁང་དུ་བོད་ཀྱི་ནང་ཆོས་ངོ་སྤྲོད་སླད་དགེ་བཤེས་ལྷག་རྡོར་ལགས་མཇལ་དུ་ཕེབས་པ་ལྟར། བོད་ཀྱི་ནང་ཆོས་ཀྱི་སྙིང་པོ་འགྲེལ་བཤད་དང་དྲི་ལན་ཞུས། དེ་རྗེས་ཁོང་རྣམས་དཔེ་མཛོད་ཁང་གི་འགྲེམས་སྟོན་སོགས་སུ་ལྟ་སྐོར་དང་འབྲེལ་ངོ་སྤྲོད་གནང་།
Check Also
དཔེ་དེབ་གསར་ཐོན་དབུ་འབྱེད།
༄༅། དྷ་ས་བོད་ཀྱི་དཔེ་མཛོད་ཁང་ནས་རྩོམ་པ་པོ་ཆུང་ཚེ་རིང་ལགས་དང་། བསོད་ནམས་རྡོ་རྗེ་ལགས་གཉིས་ཀྱིས་བརྩམས་པའི་དཔེ་དེབ་བོད་མི་དམངས་འཆིང་བྱེད་ཀྱི་ལྕགས་སྒྲོག་ཅེས་པ་དབུ་འབྱེད་གནང་རྒྱུ།...
Library of Tibetan Works and Archives The Library of Tibetan Works and Archives is a Tibetan library in Dharamshala, India.