ཕྱི་ལོ་ ༢༠༢༣ ཟླ་ ༨ ཚེས་ ༢༣ ཉིན་དྷ་ས་བོད་ཀྱི་དཔེ་མཛོད་ཁང་ནས་གསར་ཐོན་དཔེ་དེབ་བརྒྱད་དབུ་འབྱེད་གནང་བཞིན་པ།

ཕྱི་ལོ་ ༢༠༢༣ ཟླ་ ༨ ཚེས་ ༢༣ ཉིན་དྷ་ས་བོད་ཀྱི་དཔེ་མཛོད་ཁང་དུ། འདི་གའི་ངེས་སྟོན་པ་དགེ་བཤེས་ལྷག་རྡོར་ལགས་དང་། དཔེ་མཛོད་ཁང་གི་རིག་གཞུང་ཉམས་ཞིབ་དང་དཔར་སྐྲུན་སྡེ་ཚན་གྱི་འགན་འཛིན་ན་ག་སངས་རྒྱས་བསྟན་དར་ལགས་དང་ཟུར་ཁང་སྲས་མོ་བྱམས་པ་དབྱངས་ཅན་ལགས་དངོས་སུ་ཕེབས་པ་དང་། དྲ་ལམ་བརྒྱུད་རྩོམ་པ་པོ་དགེ་བཤེས་ལྷ་རམས་པ་གཙང་ཁ་བསོད་ནམས་རྡོ་རྗེ་ལགས་བཅས་ཕེབས་པའི་ཐོག་བོད་ཀྱི་དཔེ་མཛོད་ཁང་ནས་དཔར་སྐྲུན་བྱས་པའི་དཔེ་དེབ་གསར་པ་བརྒྱད་དབུ་འབྱེད་གནང་། དཔེ་དེབ་གསར་ཐོན་རྣམས་བོད་ཀྱི་དཔེ་མཛོད་ཁང་དང་གུ་གལ་དྲ་ཐོག་(Google Play Book Store) བཅས་ནས་མངགས་ཉོ་བྱེད་ཐུབ།
༡. རྩོམ་རིག་གཅེས་བཏུས།
༢. རྨད་བྱུང་༸རྒྱལ་བའི་ཐུགས་བསྐྱེད།
༣. སེར་བྱེས་མཁས་སྙན་གྲྭ་ཚང་གི་མཁན་རབས་རིམ་བྱོན་གྱི་རྣམ་པར་ཐར།
༤. ཟུར་ཁང་བཀའ་བློན་གྱི་རྟོགས་བརྗོད།
༥. ཆོས་འབྱུང་མཁས་པའི་དགའ་སྟོན། (སྟོད་ཆ།)
༦. གཏམ་ཚོགས། ཕྱི་ལོ་ ༢༠༢༣ ལོ། ༤༣ ཨང་། ༡
༧.The Tibet Journal (Vol. XLVIII, No. 1, Spring/Summer 2023)
༨.བོད་གཞུང་རྩེ་ཡིག་ཚང་དང། ཕྱི་རྒྱལ་ལས་ཁུངས་ཀྱི་འཛིན་སྐྱོང་ས་གཏེར་སོགས་ལོ་རྒྱུས་ཕྱོགས་བསྡེབས།

Next Prev
Next Prev

Check Also

བོད་ཀྱི་སྐད་ཡིག་སྲུང་སྐྱོབ་དང་དར་འཕེལ་སྐོར་བགྲོ་གླེང་།

དྷ་ས་བོད་ཀྱི་དཔི་མཛོད་ཁང་ནས་བོད་ཀྱི་སྐད་ཡིག་མི་ཉམས་གོང་འཕེལ་དང་ཉམས་པ་སླར་གསོ་ཞེས་པའི་ལས་འཆར་འོག བོད་ཀྱི་སྐད་ཡིག་སྲུང་སྐྱོབ་དང་དར་འཕེལ་ཞེས་པའི་བརྗོད་གཞིའི་སྟེང་ཉིན་གསུམ་སྟེ་ཕྱི་ལོ་ ༢༠༢༤ ཟླ་ ༥ ཚེས་ ༢ ནས་ ...