ཕྱི་ལོ་ ༢༠༢༣ ཟླ་ ༦ ཚེས་ ༩ ཉིན་བོད་ཀྱི་དཔེ་མཛོད་ཁང་དུ། འདི་གའི་ངེས་སྟོན་པ་དགེ་བཤེས་ལྷག་རྡོར་ལགས་དང་། དཔེ་མཛོད་ཁང་གི་རིག་གཞུང་ཉམས་ཞིབ་དང་དཔར་སྐྲུན་སྡེ་ཚན་གྱི་འགན་འཛིན་ན་ག་སངས་རྒྱས་བསྟན་དར་ལགས་དང་རྩོམ་པ་པོ་ཤིས་ཚང་མཁྱེན་རབ་རྒྱ་མཚོ་ལགས་དངོས་སུ་ཕེབས་པ་དང་། དྲ་ལམ་བརྒྱུད་རྩོམ་པ་པོ་ བཀྲིས་ཕུན་ཚོགས་ལགས། ཀུ་ས་ལི་ལགས། ཀླུ་རྒྱལ་དོན་འགྲུབ་ལགས་དང་ལོ་ཙཱ་བ་ཌོག་ཊར་ཟླ་བ་ཤར་པ་ལགས་བཅས་ཕེབས་པའི་ཐོག་བོད་ཀྱི་དཔེ་མཛོད་ཁང་ནས་དཔར་སྐྲུན་བྱས་པའི་དཔེ་དེབ་གསར་པ་བཅུ་གསུམ་དབུ་འབྱེད་གནང་། དཔེ་དེབ་གསར་ཐོན་རྣམས་བོད་ཀྱི་དཔེ་མཛོད་ཁང་དང་གུ་གལ་དྲ་ཐོག་(Google Play Book Store) བཅས་ནས་མངགས་ཉོ་བྱེད་ཐུབ།
Check Also
Tibetan Language Class
༄༅། །བཞུགས་སྒར་བོད་ཀྱི་དཔེ་མཛོད་ཁང་ནས་ ༢༠༢༥-༢༠༢༦ ལོའི་སྔ་དྲོའི་བོད་ཀྱི་སྐད་ཡིག་སློབ་ཁྲིད་ཐེངས་གཉིས་པ་ཕྱི་ལོ་ ༢༠༢༥ ཟླ་བ་ ༣ པའི་ཚེས་ ༡༢ རེས་གཟའ་ལྷག་པ་ནས་ ཟླ་བ་ ༤ ཚེས་ ༡༡ རེས་གཟའ་པ་སངས་བར་ཟླ་གཅིག་རིང་འཚོགས་རྒྱུ་ཡིན། ...