ཕྱི་ལོ་ ༢༠༢༣ ཟླ་ ༣ ཚེས་ ༢༨ ཉིན་བོད་ཀྱི་དཔེ་མཛོད་ཁང་ནས་བདུན་ཕྲག་གསུམ་རིང་གོ་སྒྲིག་ཞུས་པའི་སེ་སྒར་བཙུན་མའི་ཚན་རིག་སྣེ་ཁྲིད་ཟབ་སྦྱོང་གི་མཇུག་སྡོམ་མཛད་སྒོའི་སྐབས་སུ་སྐུ་མགྲོན་གཙོ་བོར་བོད་མིའི་སྒྲིག་འཛུགས་ཆོས་རིག་དྲུང་ཆེ་སྐུ་ངོ་འཆི་མེད་ཚེ་དབྱངས་ལགས། འདི་གའི་སྤྱི་ཁྱབ་དྲུང་ཆེ་སྐུ་ངོ་ངག་དབང་ཡེ་ཤེས་ལགས། དེ་བཞིན་ཨ་རིའི་ལྦ་ཤིང་ཊན་གཙུག་ལག་སློབ་གྲྭ་ནས་ཡིན་པའི་སློབ་དཔོན་ཆེན་མོ་ཨེ་རིཀ་ཅཌ་ལཱར་ལགས། ཟབ་སྦྱོང་མཉམ་བཞུགས་གནང་མཁན་གྱི་བཙུན་མ་དང་དཔེ་མཛོད་ཚན་རིག་སྡེ་ཚན་ལས་བྱེད་ལྷན་འཛོམས་བཅས་མཛད་སྒོ་དེ་བཞིན་དགའ་སྤྲོའི་ངང་མཇུག་བསྡུས།
Check Also
Tibetan Language Class
༄༅། །བཞུགས་སྒར་བོད་ཀྱི་དཔེ་མཛོད་ཁང་ནས་ ༢༠༢༥-༢༠༢༦ ལོའི་སྔ་དྲོའི་བོད་ཀྱི་སྐད་ཡིག་སློབ་ཁྲིད་ཐེངས་གཉིས་པ་ཕྱི་ལོ་ ༢༠༢༥ ཟླ་བ་ ༣ པའི་ཚེས་ ༡༢ རེས་གཟའ་ལྷག་པ་ནས་ ཟླ་བ་ ༤ ཚེས་ ༡༡ རེས་གཟའ་པ་སངས་བར་ཟླ་གཅིག་རིང་འཚོགས་རྒྱུ་ཡིན། ...