ཕྱི་ལོ་ ༢༠༢༣ ཟླ་ ༡༠ ཚེས་ ༥ ཉིན་ཐོག་ཨོ་སི་ཀྲོ་ལི་ཡའི་བོད་དོན་ལྷན་ཚོགས་ (Australia Tibet Council) ཀྱི་འཛིན་སྐྱོང་འགན་འཛིན་འབུམ་རམས་པ་ཛའོ་ བྷེ་ཌི་ཕོར་ཌི་ (Dr. Zoe Bedford) མཆོག་གིས་སྣེ་ཁྲིད་པའི་ཨོ་སི་ཀྲོ་ལི་ཡའི་བོད་དོན་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་བོད་ཀྱི་དཔེ་མཛོད་ཁང་དུ་འཚམས་གཟིགས་ལ་ཕེབས་པ་དང་། དེ་སྐབས་སློབ་གཉེར་ཁང་གི་ངེས་སྟོན་པ་དགེ་བཤེས་ལྷག་རྡོར་ལགས་ནས་ནང་ཆོས་ངོ་སྤྲོད་དང་དྲི་ལན་གནང་། དེ་རྗེས་ཁོང་རྣམས་དཔེ་མཛོད་ཁང་ལ་གཟིགས་སྐོར་དུ་འཁྲིད་དེ་དཔེ་མཛོད་ཁང་གི་ལོ་རྒྱུས་དང་དམིགས་ཡུལ། དེ་བཞིན་སྡེ་ཚན་ཁག་དང་དེ་དག་གི་ལས་འཆར་སོགས་ངོ་སྤྲོད་གནང་།
Check Also
ཕྱི་ལོ་ ༢༠༢༦ ཟླ་ ༡༡ ཚེས་ ༡༣ ཉིན་དགེ་འདུན་པའི་དེང་དུས་ཚན་རིག་ཟབ་སྦྱོང་ཐེངས་བཅུ་གཅིག་པའི་མཇུག་སྡོམ་མཛད་སྒོ།
ཕྱི་ལོ་ ༢༠༢༦ ཟླ་ ༡༡ ཚེས་ ༡༣ ཉིན་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་དང་བོད་ཀྱི་དཔེ་མཛོད་ཁང་ཟུང་འབྲེལ་ཐོག་གོ་སྒྲིག་ཞུས་པའི་དགེ་འདུན་པའི་དེང་དུས་ཚན་རིག་ཟབ་སྦྱོང་ཐེངས་བཅུ་གཅིག་པའི་མཇུག་སྡོམ་མཛད་སྒོའི་སྐབས་སུ་སྐུ་མགྲོན་གཙོ་བོར་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་...
Library of Tibetan Works and Archives The Library of Tibetan Works and Archives is a Tibetan library in Dharamshala, India.