ཕྱི་ལོ་ ༢༠༢༢ ཟླ་ ༣ ཚེས་ ༢༣ ཉིན་བོད་ཀྱི་དཔེ་མཛོད་ཁང་ནས་གསར་ཐོན་དཔེ་དེབ་ལྔ་དབུ་འབྱེད་གནང་བཞིན་པ།

ཕྱི་ལོ་ ༢༠༢༢ ཟླ་ ༣ ཚེས་ ༢༣ ཉིན་བོད་ཀྱི་དཔེ་མཛོད་ཁང་དུ། འདི་གའི་ངེས་སྟོན་པ་དགེ་བཤེས་ལྷག་རྡོར་ལགས་དང་ ས་རཱ་མཐོ་སློབ་ཀྱི་དགེ་རྒན་གཙང་ཕྲུག་སྟོབས་ལགས་དང་། ངག་རྒྱུན་ལོ་རྒྱུས་སྡེ་ཚན་གྱི་རྩོམ་སྒྲིག་ལས་རོགས་པ་བཀྲ་ཤིས་ཚེ་རིང་ལགས་བཅས་ནས་དྲ་ལམ་བརྒྱུད་བོད་ཀྱི་དཔེ་མཛོད་ཁང་ནས་གསར་ཐོན་དཔེ་དེབ་ལྔ་དབུ་འབྱེད་གནང་།
དཔེ་དེབ་གསར་ཐོན་རྣམས་ amazon(dot)in དང་། གུ་གལ་དྲ་ཐོག་དེབ་མཛོད་ཁང་(Google Play Book Store) ནས་མངགས་ཉོ་བྱེད་ཐུབ། དེབ་དངོས་གཟིགས་འདོད་ཡོད་རིགས་ནས་གཤམ་གྱི་གློག་འཕྲིན་ཁ་བྱང་ལ་འབྲེལ་བ་ཡོད་པ་ཞུ། ltwaebook(at)gmail.com དེ་དང་འབྲེལ་བའི་དོགས་འདྲི་ཡོད་རིགས་ཞལ་པར་ཨང་གྲངས་ ༨༢༡༩༥༣༣༧༤༦ འདིའི་ཐོག་འབྲེལ་བ་གནང་རོགས་གནང་།

༡ Den-ma Locho Rinpoche’s Commentary on the Simple Path Leading to the Omniscient State, Graphic Teachings on the Stages of the Path to Enlightenment
༢ A Brief History of the Kingdom Guge
༣ The Prince of Shambala
༤ མི་ཚེའི་བཤུལ་ལམ་རིང་མོའི་གཏམ་རྒྱུད།
༥ བོད་ལྗོངས་ས་མ་མདའ་ཡུལ་སྤྱི་དང། བྱེ་བྲག་བསམ་དཀྱིལ་ཁྱིམ་ཚང་གི་ལོ་རྒྱུས་རྒས་པོའི་དྲན་གཏམ་ཀུན་གསལ་འོད་སྣང་།

 

123456
Next Prev
123456
Next Prev

Check Also

Tibetan Language Class

༄༅།  །བཞུགས་སྒར་བོད་ཀྱི་དཔེ་མཛོད་ཁང་ནས་ ༢༠༢༥-༢༠༢༦ ལོའི་སྔ་དྲོའི་བོད་ཀྱི་སྐད་ཡིག་སློབ་ཁྲིད་ཐེངས་གཉིས་པ་ཕྱི་ལོ་ ༢༠༢༥ ཟླ་བ་ ༣ པའི་ཚེས་ ༡༢ རེས་གཟའ་ལྷག་པ་ནས་ ཟླ་བ་ ༤ ཚེས་ ༡༡ རེས་གཟའ་པ་སངས་བར་ཟླ་གཅིག་རིང་འཚོགས་རྒྱུ་ཡིན། ...