ཕྱི་ལོ་ ༢༠༢༡ ཟླ་ ༩ ཚེས་ ༡༦ ཉིན་བོད་ཀྱི་དཔེ་མཛོད་ཁང་ནས་གསར་ཐོན་དང་བསྐྱར་སྐྲུན་དཔེ་དེབ་བཅུ་དབུ་འབྱེད་གནང་བཞིན་པ།

ཕྱི་ལོ་ ༢༠༢༡ ཟླ་ ༩ ཚེས་ ༡༦ ཉིན་བོད་ཀྱི་དཔེ་མཛོད་ཁང་དུ། འདི་གའི་ངེས་སྟོན་པ་དགེ་བཤེས་ལྷག་རྡོར་ལགས་དང་དཔེ་མཛོད་ཁང་གི་རིག་གཞུང་ཉམས་ཞིབ་དང་དཔར་སྐྲུན་སྡེ་ཚན་གྱི་འགན་འཛིན་ན་ག་སངས་རྒྱས་བསྟན་དར་ལགས། ཡིག་སྒྱུར་དང་ཉམས་ཞིབ་སྲིད་ཞུ་པ་བསྟན་འཛིན་ཟླ་སྒྲོན་ལགས་བཅས་ནས་དྲ་ལམ་བརྒྱུད་བོད་ཀྱི་དཔེ་མཛོད་ཁང་ནས་གསར་ཐོན་དང་བསྐྱར་སྐྲུན་དཔེ་དེབ་བཅུ་དབུ་འབྱེད་གནང་།
དཔེ་དེབ་གསར་ཐོན་རྣམས་གུ་གལ་དྲ་ཐོག་དེབ་མཛོད་ཁང་(Google Play Book Store)ནས་མངགས་ཉོ་བྱེད་ཐུབ། ཤོག་ཐོག་དེབ་དངོས་(Paperback)གཟིགས་འདོད་ཡོད་རིགས་ནས་གཤམ་གྱི་གློག་འཕྲིན་ཁ་བྱང་ལ་འབྲེལ་བ་ཡོད་པ་ཞུ། salesltwa@tibetanlibrary.org དེ་དང་འབྲེལ་བའི་དོགས་འདྲི་ཡོད་རིགས་ཞལ་པར་ཨང་གྲངས་ ༦༢༣༠༨༡༢༡༡༢ འདིའི་ཐོག་འབྲེལ་བ་གནང་རོགས་གནང་།

༡ ཆོས་ལུགས་ཀྱི་མཚམས་ལས་འདས་པ། འཇིག་རྟེན་སྤྱི་སྨན་གྱི་བཟང་སྤྱོད།
༢ ངའི་མི་ཚེ་དང་བོད་མིའི་ལས་དབང།
༣ དགོན་རབས་ཀུན་གསལ་ཉི་སྣང་།
༤ གསའ་ཡི་གྲོགས་པོ་གསར་པ།
༥ གཏམ་ཚོགས། ༢༠༢༡ ཨང་། ༡
༦ གཏམ་ཚོགས། ༢༠༢༡ ཨང་། ༢
༧ Conceptual Physics Vol. I གོ་བ་གཙོ་བོར་སྟོན་པའི་དངོས་ཁམས་རིག་པ། པོད་ ༡
༨ Conceptual Physics Vol. II གོ་བ་གཙོ་བོར་སྟོན་པའི་དངོས་ཁམས་རིག་པ། པོད་ ༢
༩ Conceptual Physics Vol. III གོ་བ་གཙོ་བོར་སྟོན་པའི་དངོས་ཁམས་རིག་པ། པོད་ ༣
༡༠ དབང་རྩ་ཕྲ་གཟུགས་དང་དེ་དག་གི་བྱ་གཞག Neurons & Neuronal Activities

 

Next Prev
Next Prev

Check Also

མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་མཛད་པའི་གཏམ་རྒྱུད་གསེར་གྱི་ཐང་མ་སྟོད་ཆ་དང་སྨད་ཆ་གཉིས་ཀྱི་སྐོར་གཏམ་བཤད་གནང་རྒྱུ།

ཕྱི་ལོ་ ༢༠༢༤ ཟླ་ ༥ ཚེས་ ༦ ཉིན་འབུམ་རམས་པ་དགེ་བཤེས་བློ་བཟང་རྡོ་རྗེ་རབ་གླིང་ལགས་ནས་ཞུ་སྒྲིག་ལེགས་པར་གྲུབ་པའི་མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་མཛད་པའི་གཏམ་རྒྱུད་གསེར་གྱི་ཐང་མ་སྟོད་ཆ་དང་སྨད་ཆ་གཉིས་ཀྱི་སྐོར་གཏམ་བཤད་གནང་རྒྱུ།