ནང་པའི་ལྟ་གྲུབ་དང་བོད་ཀྱི་སྐད་ཡིག་སློབ་ཐོན་པ་ཁག་གཅིག་ལ་ཕྱག་འཁྱེར་སྩལ་བ།

བོད་ཀྱི་དཔེ་མཛོད་ཁང་ནས་དགེ་རྒན་ཚད་ལྡན་གོ་སྒྲིག་ཐོག་ལོ་རེར་སློབ་ཐུན་གཉིས་སུ་ཆ་བགོས་ཀྱིས་བོད་ཀྱི་སྐད་ཡིག་སློབ་ཁྲིད་གནང་མུས་ཡིན་ཞིང་། སློབ་ཐུན་དང་པོ། ཕྱི་ཟླ། ༣ ནས། ཕྱི་ཟླ། ༧ བར་དང་། སློབ་ཐུན་གཉིས་པ་ཕྱི་ཟླ། ༨ ནས། ཕྱི་ཟླ། ༡༢ བར་ཡིན། བསླབ་གཞི་ཡང་སྐད་ཡིག་གི་རྨང་གཞི་ནས་མཐོ་རིམ་བར་དུ་ཡོད་པ་དང་། ད་ལན་རྒྱལ་ཕྱི་ནང་གི་སློབ་ཕྲུག་གྲངས་ ༡༥༨ ཙམ་བསླབ་པ་མཐར་སོན་ཏེ་བོད་ཀྱི་དཔེ་མཛོད་ཁང་གི་སྤྱི་ཁྱབ་དྲུང་ཆེ་མཆོག་ནས་ཕྱག་འཁྱེར་གསོལ་སྩལ་གནང་ཡོད་པ་རེད།

 

Next Prev
Next Prev

Check Also

ཕྱི་ལོ་ ༢༠༢༦ ཟླ་ ༡༡ ཚེས་ ༡༣ ཉིན་དགེ་འདུན་པའི་དེང་དུས་ཚན་རིག་ཟབ་སྦྱོང་ཐེངས་བཅུ་གཅིག་པའི་མཇུག་སྡོམ་མཛད་སྒོ།

ཕྱི་ལོ་ ༢༠༢༦ ཟླ་ ༡༡ ཚེས་ ༡༣ ཉིན་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་དང་བོད་ཀྱི་དཔེ་མཛོད་ཁང་ཟུང་འབྲེལ་ཐོག་གོ་སྒྲིག་ཞུས་པའི་དགེ་འདུན་པའི་དེང་དུས་ཚན་རིག་ཟབ་སྦྱོང་ཐེངས་བཅུ་གཅིག་པའི་མཇུག་སྡོམ་མཛད་སྒོའི་སྐབས་སུ་སྐུ་མགྲོན་གཙོ་བོར་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་...