
༸གོང་ས་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པ་ངོས་འཛིན་དང་གསེར་ཁྲི་མངའ་གསོལ་གྱི་བྱུང་རབས་ཤེལ་དཀར་ཕྲེང་བ།
རྩོམ་པ་པོ་བསོད་ནམས་རྡོ་རྗེ་ལགས་ནས་གངས་ལྗོངས་བསྟན་འགྲོའི་ཕན་བདེའི་སྲོག་ཤིང་༸གོང་ས་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོའི་ངོས་འཛིན་དང་གསེར་ཁྲིེ་མངའ་གསོལ་གྱི་བྱུང་རབས་ཤེལ་དཀར་ཕྲེང་བ་ཞེས་པའི་དཔེ་དེབ་འདི་༸གོང་ས་༸སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ཕྱི་ལུགས་དགུང་གྲངས་ ༩༠ དང་། མི་འཇིགས་གདོང་ལྔས་བཏེགས་པའི་གསེར་གྱི་ཁྲི་འཕང་མཐོན་པོར་མངའ་གསོལ་ཞུས་ཏེ་མི་ལོ་ ༨༥ ཧྲིལ་པོ་འཁོར་བ། ལྷག་དོན་བོད་ཀྱི་ཆོས་སྲིད་ལུགས་གཉིས་ཀྱི་ཐུགས་འགན་གཙང་བཞེས་མཛད་ནས་མི་ལོ ༧༥ འཁོར་བ་བཅས་རྟེན་འབྲེལ་དུས་བཟང་གསུམ་འཛོམས་ཀྱི་སྐལ་བཟང་ལོ་སྲུང་བརྩིའི་སྐབས་ཤིན་ཏུ་གལ་གནད་ཆེ་བའི་དེབ་འདི་འདྲ་ཞིག་བོད་ཀྱི་དཔེ་མཛོད་ཁང་ནས་དཔར་སྐྲུན་གྱིས་ལོ་རྒྱུས་ཞིབ་འཇུག་པ་དང་རྒྱ་ཆེའི་ཀློག་པ་པོའི་སྤྱན་ལམ་དུ་དཔྱད་གཞིའི་ཡིག་ཆར་ལེགས་སྐྱེས་སུ་ཕུལ་བར་རྗེས་སུ་ཡི་རང་དང་དགའ་སྤྲོ་འཕེལ་ཞིང་སླར་ཡང་རྩོམ་པ་པོར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
ཕྱི་ལོ་ ༢༠༢༥ ཟླ་ ༢ ཚེས་ ༢༡ ཉིན། སྔ་དྲོ་ཚོུད་ ༡༡:༠༠ ནས།
ཐད་གཏོང་བྱེད་ས། Facebook.com/tibetanlibrary
ས་གནས། བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་།