དཔེ་དེབ་གསར་ཐོན་དབུ་འབྱེད།

ཕྱི་ལོ་ ༢༠༢༡ ཟླ་ ༢ ཚེས་ ༡༩ ཉིན་བོད་ཀྱི་དཔེ་མཛོད་ཁང་དུ། སྐུ་མགྲོན་གཙོ་བོ་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་དང་སྤྱི་འཐུས་ཚོགས་ཟུར་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག འདི་གའི་ངེས་སྟོན་པ་དགེ་བཤེས་ལྷག་རྡོར་ལགས། ས་རཱ་མཐོ་སློབ་ཀྱི་དགེ་རྒན་གཙང་ཕྲུག་སྟོབས་ལགས་དང་། དཔེ་མཛོད་ཁང་གི་རིག་གཞུང་ཉམས་ཞིབ་དང་དཔར་སྐྲུན་སྡེ་ཚན་གྱི་འགན་འཛིན་ན་ག་སངས་རྒྱས་བསྟན་དར་ལགས་བཅས་ནས་དྲ་ལམ་བརྒྱུད་བོད་ཀྱི་དཔེ་མཛོད་ཁང་ནས་དཔར་སྐྲུན་ཟིན་པའི་དཔེ་དེབ་གསར་པ་བརྒྱད་དབུ་འབྱེད་གནང་ཡོད།
དཔེ་དེབ་གསར་ཐོན་རྣམས་གུ་གལ་དྲ་ཐོག་དེབ་མཛོད་ཁང་(Google Play Book Store)ནས་མངགས་ཉོ་བྱེད་ཐུབ། ཤོག་ཐོག་དེབ་དངོས་(Paperback)གཟིགས་འདོད་ཡོད་རིགས་ནས་ཞལ་པར་ཨང་གྲངས་ ༨༢༡༩༥༣༣༧༤༦ འདིའི་ཐོག་འབྲེལ་བ་གནང་རོགས་གནང་།

༡ ༸རྒྱལ་བའི་མཛད་པ་ལས་འཕྲོས་པ།
༢ པདྨ་སཾཾ་བྷ་ཝའིི་རྣམ་ཐར།
༣ ༸སྨན་རིའི་ཁྲི་འཛིན་རིམ་བྱོན་གྱི་རྣམ་ཐར།
༤ Three Lives in One Lifetime
༥ ཀཿཐོག་རིག་འཛིན་ཆེན་པོ་པདྨ་དབང་ཆེན།
༦ ཡུལ་ཅན་འགོག་པ་གླེང་བ།
༧ གཙང་སྟོད་ལྷ་ངམ་ཕུན་གསུམ་གྱི་སྔོན་བྱུང་ལོ་རྒྱུས།
༨ མདོ་སྨད་ཁུལ་གྱི་སྒྲུང་གཏམ་ཕྱོགས་བསྒྲིགས།

 

Next Prev
Next Prev

Check Also

འཛམ་གླིང་གཉིས་ཀྱི་སྲུབས་ཀར་འཁྱམས་པའི་རྣམ་ཤེས་དབུ་འབྱེད་དང་གཏམ་བཤད།

རྩོམ་པ་པོ་ཚེ་རིང་གཡང་འཛོམས་ལགས་ཀྱིས་ཁོང་མོའི་བརྩམས་སྒྲུང་གྲགས་ཅན་ We Measure the Earth with Our Bodies ཞེས་པའི་བོད་འགྱུར། འཛམ་གླིང་གཉིས་ཀྱི་སྲུབས་ཀར་འཁྱམས་པའི་རྣམ་ཤེས་དབུ་འབྱེད་དང་གཏམ་བཤད། དུས་ཚོད། ཕྱི་ལོ་ ༢༠༢༤ ལོའི་ཟླ་ ༡༡ ཚེས་ ༢༠ ཉིན། ...