ཉིན་ལྟར་དམིགས་བསལ་ནང་ཆོས་འཆད་འཁྲིད་ཀྱི་གསལ་བསྒྲགས།

འདི་ག་བོད་ཀྱི་དཔེ་མཛོད་ཁང་ནས་རྒྱ་ཆེ་མང་ཚོགས་ཆེད་དུ་ཉིན་ལྟར་དམིགས་བསལ་ནང་ཆོས་འཆད་འཁྲིད་ཅིག་ཡུ་ཊུབ་(www.youtube.com/ltwadhasa) བརྒྱུད་ནས་ཐད་གཏོང་ཞུ་བཞིན་ཡོད་ན། ཐུགས་འདོད་ཡོད་རིགས་ནས་གཤམ་འཁོད་དུས་ཚོད་ཐོག་གཟིགས་གནང་ཡོད་པ་ཞུ།

བསླབ་གཞི། ༄༅། །དབུ་མ་འཇུག་པའི་སེམས་བསྐྱེད་ལེའུ་དྲུག་པའི་བཤད་ཁྲིད།
མཛད་པ་པོ། སློབ་དཔོན་ཟླ་བ་གྲགས་པ།
དགེ་རྒན། དགེ་བཤེས་བློ་བཟང་བརྩོན་འགྲུས་ལགས།
དུས་ཚོད། ཉིན་ལྟར་སྔ་དྲོ་ཆུ་ཚོད་ ༡༡:༠༠ ནས་ ༡༢:༠༠ བར།

འཆད་ཁྲིད་ཀྱི་སློབ་དེབ་རྣམས་དྲ་ཐག་ཁ་བྱང་འདི་ནས་ཕབ་ལེན་ཞུ་ཐུབ།

Next Prev
Next Prev

Check Also

ས་མིག་གསལ་བསྒྲགས།

ས་མིག ལོ་ཙཱ་བ། ཉུང་མཐའི་ཤེས་ཚད་དང་ཉམས་མྱོང་། ཉེ་བའི་གཙུག་ལག་རབ་འབྱམས་པ་ (BA) འམ་དེ་དང་མཉམ་པའི་ལག་འཁྱེར་ཡོད་པ། ནང་དོན་རིག་པ་དང་བོད་རིག་པའི་གཞུང་ལུགས་ཁག་བོད་ཡིག་ནས་དབྱིན་ཡིག་གམ་དབྱིན་ཡིག་ནས་བོད་ཡིག་ཏུ་སྒྱུར་བའི་ལས་ཀའི་ཉམས་མོང་ཉུང་མཐར་ལོ་གཅིག་ཡོད་པ།....