གྲགས་ཅན་ཆབ་སྲིད་བཙོན་ཟུར་ངག་དབང་གསང་གྲོལ་ལགས་ནས་བོད་ནང་གི་ཞི་རྒོལ་དང་མནར་གཅོད་སྐོར་གཏམ་བཤད།

༄༅། །རྒྱལ་གཅེས་དཔའ་མོ་ངག་དབང་གསང་གྲོལ་ལགས་ནི་ཕྱི་ལོ་ ༡༩༧༧ ལོར་བོད་ཀྱི་རྒྱལ་ས་ལྷ་སར་འཁྲུངས་ཤིང། ཕྱི་ལོ་ ༡༩༩༠ ལོར་རང་ལོ་ ༡༣ ཐོག་ཞི་བའི་ངོ་རྒོལ་གྱི་ལས་འགུལ་ནང་མཉམ་ཞུགས་ཀྱིས་འཛིན་བཟུང་བཙོན་འཇུག་བྱས། རྒྱ་གཞུང་གིས་ཟླ་བ་བཅུ་ཙམ་སྡུག་སྦྱོང་མནར་གཅོད་བཏང་མཚམས་གློད་འགྲོལ་བཏང་ཡང། ལོ་གཅིག་ཙམ་གྱི་རྗེས་སུ་སླར་ཡང་ཞི་བའི་ངོ་རྒོལ་སྐད་འབོད་གནང་སྟེ། བཙོན་འཇུག་དོ་དམ་འོག་ཏུ་ཚུད། ཁོང་གིས་བཙོན་ཁང་ནང་དུ་སྔ་རྗེས་སུ་བོད་མིའི་བདེ་སྡུག་མཚོན་པའི་གཞས་བཏང་བ་སོགས་ཆབ་སྲིད་ཀྱི་ལས་འགུལ་འདྲ་མིན་སྤེལ་སྟབས་བཙོན་འཇུག་གི་དུས་ཡུན་ཐེངས་གསུམ་སྤར་ཏེ། ཁྱོན་ལོ་ངོ་ ༢༣ བཙོན་འཇུག་གི་བཅད་ཁྲ་བཏང་ཡོད། འོན་ཀྱང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཚོགས་པ་དང། འགྲོ་བ་མིའི་ཐོབ་ཐང་ཚོགས་པ་སོགས་ཀྱི་གནོན་ཤུགས་འོག་བཙོན་དུ་མི་ལོ་ ༡༡ བཞུགས་རྗེས་ཕྱི་ལོ་ ༢༠༠༣ ལོར་རང་དབང་ཐོབ་ནས་དེང་སྐབས་ཨ་རིར་གནས་བཞུགས་གནང་མུས།

ཕྱི་ལོ་ ༢༠༢༢ ཟླ་ ༧ ཚེས་ ༡༩
ཕྱི་དྲོ་ཚོུད་ ༣།༣༠ ནས་ ༥ བར།
ཚོགས་ཡུལ། བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་།

 

Next Prev
Next Prev

Check Also

ནང་ཆོས་དང་ཚན་རིག་གཉིས་ཀྱི་འགྲེམས་སྟོན།

སོག་ཡུལ་རྒྱལ་ས་ཨུ་ལཨན་བྷ་ཊར་ནང་ཡོད་པའི་ཅིང་གྷིས་ཁཱན་འགྲེམས་སྟོན་ཁང་དུ་ནང་ཆོས་དང་ཚན་རིག་གཉིས་ནས་འགྲེལ་བརྗོད་བྱེད་པའི་དབང་པོའི་འཇིག་རྟེན་དང་ཁོར་ཡུག་དང་རྡུལ་ཕྲན་སྐོར་གྱི་འགྲེམས་སྟོན།