གྲགས་ཅན་ཆབ་སྲིད་བཙོན་ཟུར་མགོ་ལོག་འཇིགས་མེད་ལགས་ནས་བོད་ཕྱི་ནང་གཉིས་སུ་སྤེལ་བའི་ལས་འགུལ་དང་། མི་རབས་གསར་པ་རྣམས་ལ་སྐུལ་ལྕག་སྐོར་གཏམ་བཤད།

ངོ་སྤྲོད་སྙིང་བསྡུས།
མགོ་ལོག་འཇིགས་མེད་ནི་ ༡༩༧༠ ལོར་མདོ་སྨད་མགོ་ལོག་དབལ་ཤུལ་གསེར་རྟའི་ཏོག་ཚ་སྡེ་བ་རུ་སྐྱེས། ཕ་མ་ནང་མི་སོགས་ལ་རྒྱ་གཞུང་གིས་མནར་གཅོད་གཏོང་བཞིན་པའི་འོག་ལོ་ན་ཆུང་དུས་ནས་བོད་ཡིག་སྦྱངས། ཕྱིས་སུ་ཆོས་སྒོར་ཞུགས་ཏེ། སློབ་གཉེར་མགོ་འཛུགས་ཞུས། ༡༩༨༩ ཙམ་ནས་བླ་བྲང་བཀྲ་ཤིས་འཁྱིལ་དུ་མུ་མཐུད་སློབ་གཉེར་ཞུས། རྒྱ་གཞུང་གིས་དངོས་ཤུགས་བརྒྱུད་གསུམ་ནས་མ་རུངས་བའི་སྲིད་ཇུས་གང་མང་བོད་ནང་ལག་བསྟར་འདེབས་བཞིན་པར་བརྟེན། རང་འཁྲིའི་འགན་ལ་གཡོལ་ཐབས་མ་བྱས་པར། གང་ནུས་ཀྱིས་ངོ་རྒོལ་ལས་འགུལ་གང་མང་སྤེལ། ༢༠༠༨ ལོ་ནས་ཐེངས་ ༣ ལ་བཙོན་བཅུག་རྡུང་རྡེག་མནར་གཅོད་འོག་ཏུ་ཚུད་ཀྱང་། སྤྱི་ནོར་༧གོང་ས་མཆོག་དང་། བསླུ་མེད་མཆོག་གསུམ་སྲུང་མ་བཅས་ཀྱི་ཐུགས་རྗེའི་བཀའ་དྲིན་ཉག་གཅིག་ལ་བརྟེན། མིག་འཕྲུལ་ལྟར་ ༢༠༡༤ ལོར་བཙན་བྱོལ་དུ་འབྱོར་ཏེ། ད་ལྟ་ཡུ་རོབ་སུད་སི་རྒྱལ་ཁབ་ནང་གང་ནུས་ཀྱིས་བོད་དོན་འཐབ་རྩོད་ཀྱི་ལས་འགུལ་སྤེལ་བཞིན་པ་བཅས་གནས་ཚུལ་སྙིང་བསྡུས་ཙམ་ཡིན།

བརྗོད་གཞི། བོད་ཕྱི་ནང་གཉིས་སུ་སྤེལ་བའི་ལས་འགུལ་དང་། མི་རབས་གསར་པ་རྣམས་ལ་སྐུལ་ལྕག
གཏམ་བཤད་པ། གྲགས་ཅན་ཆབ་སྲིད་བཙོན་ཟུར་རྒན་འཇིགས་མེད་ལགས།
ཕྱི་ལོ་ ༢༠༢༢ ཟླ་ ༧ པའི་ཚེས་ ༢༦
ཕྱི་དྲོ་ཚོུད་ ༣།༣༠ ནས་ ༥ བར།
ཚོགས་ཡུལ། བོད་ཀྱི་དཔེ་མཛོད་ཁང་གི་སེ་སྒར་ཚན་རིག་ལྟེ་གནས་ཁང་གི་ཡང་ཐོག

 

Next Prev
Next Prev

Check Also

ཕྱི་ལོ་ ༢༠༢༤ ཟླ་ ༡༢ ཚེས་ ༢༣ ཉིན་དྷ་ས་བོད་ཀྱི་དཔེ་མཛོད་ཁང་གིས་གོ་སྒྲིག་ཞུས་པའི་ཟླ་གཅིག་སྐད་ཡིག་ཟུར་སྦྱོང་ཉིན་དངཔོའི་རྣམ་པ།

ཕྱི་ལོ་ ༢༠༢༤ ཟླ་ ༡༢ ཚེས་ ༢༣ ཉིན་དྷ་ས་བོད་ཀྱི་དཔེ་མཛོད་ཁང་གིས་གོ་སྒྲིག་ཞུས་པའི་ཟླ་གཅིག་སྐད་ཡིག་ཟུར་སྦྱོང་ཉིན་དངཔོའི་རྣམ་པ།