༢༠༡༩ ལོའི་བོད་ཀྱི་རིག་གཞུང་ཟབ་སྦྱོང༌།

༄། །དྷ་ས་བོད་ཀྱི་དཔེ་མཛོད་ཁང་ནས་བོད་ཀྱི་རིག་གཞུང་ལ་གཅིག་ཏུ་བློ་སེམས་དཀར་བའི་དོན་གཉེར་ཅན་གྱི་སློབ་ཕྲུག་ཉི་ཤུ་རྩ་ལྔ་སྐོར་ལ་ཕྱི་ལོ་ ༢༠༡༩ ཟླ་བ་ ༤ ཚེས་ ༢ ནས་ཟླ་བ་ ༥ ཚེས་ ༣༡ བར་ཟླ་བ་གཉིས་ཀྱི་དུས་ཡུན་རིང་བོད་ཀྱི་སྐད་ཡིག་དང༌། བོད་ཀྱི་གནའ་དེང་གི་ལོ་རྒྱུས། ནང་ཆོས། དེ་དག་དང་འབྲེལ་བའི་ལས་འཆར་བཅས་ཀྱི་ཐོག་སློབ་འཁྲིད་དང་རྒྱུས་སྟོན། ཉམས་ཞིབ་ཀྱི་བྱེད་སྒོ་བཅས་སྤེལ་རྒྱུ་ཡིན། ཟབ་སྦྱོང་འདིར་འཛུལ་ཞུགས་གནང་འདོད་ཡོད་པ་རྣམས་ནས་གཤམ་གསལ་ཆ་རྐྱེན་ངེས་པར་འཚང་དགོས། འཛུལ་ཞུགས་སྙན་ཞུ་དང་མཉམ་དུ་རང་གི་ཤེས་ཚད་ལོ་རྒྱུས་འཁོད་པའི་བོད་ཡིག་ལག་བྲིས་འབྲི་རྩོམ་ཤོག་ངོས་གཉིས་ཅན་ཞིག་གཤམ་གསལ་ཁ་བྱང་ཐོག་ངེས་པར་དུ་བསྐུར་གནང་དགོས། དེ་དག་འདི་གར་ཕྱི་ཟླ་ ༣ པའི་ཚེས་ ༢༥ ནང་ཚུད་འབྱོར་བ་དགོས། ཕྱི་ཟླ་ ༣ ཚེས་ ༢༩ སྔོན་ཁྱེད་རང་འདི་གར་ཚུད་མིན་ལན་གསལ་འབུལ་རྒྱུ་ཡིན། ཁྱེད་ཀྱི་སྙན་ཞུའི་ནང་རང་གི་དྲ་རྒྱའི་ཁ་བྱང་ (email id) དང་ཁ་པར་ཨང་གྲངས་ངེས་པར་འགོད་དགོས་པ་ཐུགས་འཇགས་འཚལ། ཐུགས་འདོད་ཡོད་རིགས་རྣམས་ནས་གཤམ་གསལ་གསལ་བསྒྲགས་ལ་གཟིགས་རོགས།

Next Prev
Next Prev

Check Also

ཕྱི་ལོ་ ༢༠༢༤ ཟླ་ ༤ ཚེས་ ༡༠ ཉིན་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གི་དགེ་འདུན་པ་བཞི་ནས་བོད་ཀྱི་དཔེ་མཛོད་ཁང་གི་འགྲེམས་སྟོན་ཁང་དུ་སྒྲོལ་མའི་མནྜལ་བཞི་པའི་ཆོ་ག་དང་འབྲེལ་གསར་དུ་བཞེངས་བའི་སྐུ་ཐང་ཁག་ལ་ཁྲུས་གསོལ་རབ་གནས་མཛད་པ།