༢༠༡༨ ལོའི་ཉེ་བའི་གཙུག་ལག་རབ་འབྱམས་སློབ་གཉེར་མཐར་སོན་པའི་ལག་འཁྱེར་གསོལ་སྩལ་གནང་བ།

ཕྱི་ལོ་ ༢༠༡༨ ཟླ་ ༡༢ ཚེས་ ༧ ཉིན་འདི་ག་བོད་ཀྱི་དཔེ་མཛོད་ཁང་གི་ནང་ཆོས་སློབ་གཉེར་བ་སྟེ་ཉེ་བའི་གཙུག་ལག་རབ་འབྱམས་པ་སྐབས་དང་པོའི་མཐར་ཕྱིན་སློབ་མའི་མཛད་སྒོ་སྤེལ་སྐབས། སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་དང་། འདི་ག་བོད་ཀྱི་དཔེ་མཛོད་ཁང་གི་ངེས་སྟོན་པ་དགེ་བཤེས་ལྷག་རྡོར་ལགས། དེ་བཞིན་དྲུང་ཆེ་ངག་དབང་ཡེ་ཤེས་ལགས་དང་དགེ་རྒན་རྣམ་པས་གཙོས། སློབ་ཕྲུག་རྣམས་དང་འདི་གའི་ལས་བྱེད་ལྷན་འཛོམས་ཀྱིས་མཛད་སྒོ་འདི་དགའ་དགའ་སྤྲོ་སྤྲོའི་ངང་མཇུག་ལེགས་པར་གྲུབ།
ད་ལན་འདིར་ལོ་ངོ་གསུམ་གྱི་རིང་ནང་ཆོས་ལ་སློབ་གཉེར་བྱས་ཏེ་ཉེ་བའི་གཙུག་ལག་རབ་འབྱམས་པ་ཐོན་མཁན་སློབ་ཕྲུག་བདུན་བྱུང་འདུག་ལ། དེའི་ནང་བོད་མི་སྐྱེས་པ་གཅིག་དང་བུད་མེད་གཅིག །ཨ་རི་དང་། འཇར་མན། ཨུ་རུ་སུའི་སོག་པོ། ཉི་ཧུང་བཅས་ཀྱི་མི་སྣ་འདུས་ཡོད། ལོ་ངོ་གསུམ་པོ་འདིའི་རིང་བསྡུས་གྲྭ་དང་། བློ་རིག །རྟགས་རིགས། ས་ལམ་དང་། ཕར་ཕྱིན། དབུ་མ། སྤྱོད་འཇུག་སོགས་ཀྱི་སློབ་ཚན་ཁག་སློབ་ཁྲིད་གནང་ཡོད་ཅིང་། སློབ་ཕྲུག་ཚོར་མུ་མཐུད་ནས་སློབ་གཉེར་གནང་མོས་ཡོད་ཚེ་འདི་ག་ནས་རིམ་བཞིན་གཞུང་ཆེན་བཀའ་པོད་ལྔ་ག་སློབ་ཁྲིད་བྱེད་འཆར་ཡོད་པ་རེད།

 

Next Prev

སྐུ་མགྲོན་གཙོ་བོ་དཔལ་ལྡན་རང་གཞུང་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་དང་། འདི་ག་བོད་ཀྱི་དཔེ་མཛོད་ཁང་གི་ངེས་སྟོན་པ་དགེ་བཤེས་ལྷག་རྡོར་ལགས། དེ་བཞིན་འདི་གའི་ལས་བྱེད་རྣམས་དང་སློབ་ཕྲུག་བཅས་ལྷན་དུ་བསྒྲོན་པའི་མཉམ་པར།

Next Prev

Check Also

ཕྱི་ལོ་ ༢༠༢༤ ཟླ་ ༣ ཚེས་ ༡༤ ཉིན་ བོད་ཀྱི་ཤེས་རིག་དང་རིག་གཞུང་རྒྱུན་གནས་དང་གོང་འཕེལ་གཏོང་ཕྱོགས་སྐོར་གཏམ་བཤད་གནང་རྒྱུ།

ཕྱི་ལོ་ ༢༠༢༤ ཟླ་ ༣ ཚེས་ ༡༤ ཉིན་ བོད་ཀྱི་ཤེས་རིག་དང་རིག་གཞུང་རྒྱུན་གནས་དང་གོང་འཕེལ་གཏོང་ཕྱོགས་སྐོར་གཏམ་བཤད་གནང་རྒྱུ། གཏམ་བཤད་པ། དགེ་བཤེས་ཐུབ་བསྟན་སྦྱིན་པ་ལགས། ཚོགས་ཡུལ། བོད་ཀྱི་དཔེ་མཛོད་ཁང། དུས་ཚོད། རྒྱ་གར་གྱི་ཕྱི་དྲོ་ཆུ་ཚོད་ ༣།༠༠ ནས་ ༤།༣༠ བར།