༄༅། །བྱམས་བརྩེ་དང་ཤེས་རབ་ཀྱི་བདག་ཉིད་ཆེན་པོ། ཞི་བདེ་དང་དྲང་བདེན་གྱི་དེད་དཔོན་ཆེན་པོ་༸གོང་ས་ལྷ་མིའི་རྣམ་འདྲེན་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ཕྱི་ལུགས་དགུང་གྲངས་ ༨༩ ལ་ཕེབས་པའི་སྐུའི་འཁྲུངས་སྐར་ལ་འཚམས་འདྲི་དང་སྐུ་ཚེ་བསྐལ་བརྒྱར་བརྟན་པའི་སྨོན་འདུན་གྲངས་མེད་ཞུ།
སྐུ་ཡི་མཚན་དཔེ་གངས་རིའི་ལྗོངས་ནས་བཞད།། གསུང་གི་དབྱངས་སྙན་གོ་ལའི་ཁྱོན་ལ་ཁྱབ།། ཐུགས་ཀྱི་བྱམས་བརྩེ་འགྲོ་བ་ཀུན་ལ་འཕྲོས།། ཕྱག་ན་པད་མོ་བསྟན་འཛིན་རྒྱ་མཚོ་རྒྱལ།།
Check Also
ནང་ཆོས་དང་ཚན་རིག་གཉིས་ཀྱི་འགྲེམས་སྟོན།
སོག་ཡུལ་རྒྱལ་ས་ཨུ་ལཨན་བྷ་ཊར་ནང་ཡོད་པའི་ཅིང་གྷིས་ཁཱན་འགྲེམས་སྟོན་ཁང་དུ་ནང་ཆོས་དང་ཚན་རིག་གཉིས་ནས་འགྲེལ་བརྗོད་བྱེད་པའི་དབང་པོའི་འཇིག་རྟེན་དང་ཁོར་ཡུག་དང་རྡུལ་ཕྲན་སྐོར་གྱི་འགྲེམས་སྟོན།
Library of Tibetan Works and Archives The Library of Tibetan Works and Archives is a Tibetan library in Dharamshala, India.