ཚན་རིག་སྡེ་ཚན།

Next Prev
Next Prev

ཚན་རིག་སྡེ་ཚན།

༸སྤྱི་ནོར་གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་ལྟར་བོད་ཀྱི་དཔེ་མཛོད་ཁང་གི་ཚན་རིག་སྣེ་ཁྲིད་ཀྱི་ལས་གཞི་ཞིག་ཕྱི་ལོ་ ༡༩༩༩ ལོར་དབུ་བཙུགས། དེའི་དམིགས་ཡུལ་ནི་སྲོལ་རྒྱུན་གྱི་ནང་ཆོས་སློབ་གཉེར་གྱི་ཞོར་དུ་དེང་དུས་ཚན་རིག་སློབ་ཁྲིད་བྱ་རྒྱུ་དེ་ཡིན། བོད་ཀྱི་དཔེ་མཛོད་ཁང་འདི་ཉིད་བོད་ཀྱི་ཆོས་རྒྱུད་སྤྱི་དང་གཡུང་དྲུང་བོན་སོགས་བོད་རིག་པའི་སློབ་གཉེར་བསྟི་གནས་ཁང་ཞིག་ཡིན་པའི་ཆ་ནས་དེ་ལྟ་བུའི་ལས་གཞི་སྒྲུབ་པར་ཤིན་ཏུ་འོས་ཤིང་འཚམས་པར་བརྟེན་ཚན་རིག་ལས་འཆར་དེའི་ལས་འགན་ཡོངས་རྫོགས་གནང་ཡོད།

ནང་པའི་ལྟ་གྲུབ་དང་དབྱིན་ཡིག་ཤེས་ཚད་ལེགས་པོ་ཡོད་པའི་གྲྭ་བཙུན་ཁག་གཅིག་ལ་ཐོག་མར་ཚན་རིག་སློབ་ཁྲིད་བྱེད་འགོ་བཙུགས་ཤིང། དེ་ཡང་འདི་གའི་ཚན་རིག་སྡེ་ཚན་གྱི་ལོ་ཙཱ་བས་ཚན་རིག་གི་བརྡ་ཆད་གཏན་འབེབས་དང། སློབ་ཁྲིད་རྒྱུ་ཆ་འདེམས་སྒྲུག སློབ་ཚན་འཆར་འགོད་སོགས་སྔོན་སོང་ཐོག་དགོན་སྡེ་ཆེ་ཁག་གི་ལོ་རེའི་ཀྲིག་ཅར་དཔེ་ཁྲིད་དང་ཆོས་ར་སོགས་ལ་འཐུས་ཤོར་མི་འགྲོ་བའི་སླད་སློབ་དུས་ཀྱི་བར་མཚམས་སུ་ཚན་རིག་ཟབ་སྦྱོང་སྤྲོད་ཀྱི་ཡོད།

དེང་གི་ཆར་འདི་ག་སྡེ་ཚན་ནས་ལོ་ལྟར་ཚན་རིག་ཟབ་སྦྱོང་ཐེངས་གསུམ་ཙམ་གོ་སྒྲིག་ཞུས་ཏེ་ཕྱི་རྒྱལ་ཡུལ་གྲུ་ཁག་ནས་སྙན་གྲགས་ཅན་གྱི་ཚན་རིག་མཁས་དབང་དང་དགེ་རྒན་གདན་ཞུ་དང་འབྲེལ་འདི་གའི་ལོ་ཙཱ་བས་གསུང་སྒྱུར་དང་ཡིག་སྒྱུར་གྱི་ཞབས་ཞུ་སྒྲུབ་བཞིན་ཡོད་པ་དང། ཟབ་སྦྱོང་དེའི་ནང་རྒྱ་བལ་འབྲུག་གསུམ་དུ་གནས་པའི་ཆོས་བརྒྱུད་རིས་མེད་ཀྱི་གྲྭ་བཙུན་མང་པོས་མཉམ་ཞུགས་གནང་གི་ཡོད། མ་ཟད་ལོ་རེར་ཚན་རིག་དང་ནང་ཆོས་ཀྱི་མཁས་དབང་མཉམ་ཞུགས་ཀྱིས་འཇིག་རྟེན་ཁམས་ཀྱི་རིག་པ་དང་རྣམ་པར་ཤེས་པའི་བགྲོ་གླེང་ཚོགས་འདུ་ཞིག་ཀྱང་སྐོང་ཚོགས་ཞུ་བཞིན་ཡོད། སྡེ་ཚན་འདི་ནས་གྲགས་ཅན་ཚན་རིག་དཔེ་དེབ་ཁག་ཡིག་སྒྱུར་དཔར་སྐྲུན་ཞུ་བཞིན་ཡོད།

  • ཚན་རིག་དུས་དེབ་དང་
    ཚན་རིག་ཚགས་པར།

  • རིན་མེད་དེབ།
  • གཞན།
 

ཚན་རིག་དྲྭ་ཚིགས།

ཕྱི་ལོ་ ༢༠༠༠ ལོ་ནས་བཟུང་བོད་ཡིག་ནང་ལོ་རེར་ཚན་རིག་དུས་དེབ་ཐེངས་གཅིག་འདོན་གྱི་ཡོད། དུས་དེབ་ནང་ཚན་རིག་སྐོར་རྩོམ་བྲིས་དང་དཔྱད་རྩོམ་ཁག་བོད་སྒྱུར་བྱས་པ་དང་། བོད་པའི་མཁས་དབང་དང་དགེ་འདུན་པ་རྣམས་ཀྱིས་དཔྱད་བསྡུར་གྱི་ལམ་ནས་འཇུག་ཕྱིར་སློབ་ཚན་འདྲ་མིན་བོད་སྒྱུར་ཞུས་པ་ཁག་དཔར་སྐྲུན་ཞུ་བཞིན་ཡོད། འདོན་ཐེངས། ལོ་རེར་ཐེངས་རེ་དང་དེབ་གྲངས་ལྔ་བརྒྱ་ཐམ་པ་དཔར་སྐྲུན་ཞུ་གི་ཡོད། ཚན་རིག་གསར་འཕྲིན་ནི་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་བྱུང་བའི་ཚན་རིག་གི་གསར་འཕྲིན་དང་པོ་དེ་ཆགས་ཡོད། ཕྱི་ལོ་ ༢༠༠༦ ནས་འགོ་བཙུགས་ཏེ་ལོ་རེར་ཐེངས་བཞི་འདོན་ཞིང་། དེའི་ནང་འཇིག་རྟེན་ཁམས་ཀྱི་རིག་པ་དང༌། དངོས་ཁམས་རིག་པ། སྐྱེ་དངོས་རིག་པ། ཚན་རིག་པའི་ལོ་རྒྱུས། ནང་ཆོས་དང་ཚན་རིག་སོ་སོར་འབྲེལ་བའི་རྩོམ་བྲིས་སོགས་འདོན་གྱི་ཡོད། བོ་བི་ ས་གར་ཁྱིམ་ཚང་ཐེབས་རྩས་(Bobby Sager Family Foundation)སྦྱིན་བདག་གནང་སྟེ། ལོ་རེར་ཐེངས་བཞི་འདོན་ཞིང་དེབ་གྲངས་ ༡༠༠༠ ཐམ་པ་དཔར་སྐྲུན་ཞུ་གི་ཡོད།

 

ཚན་རིག་དུས་དེབ། ༡

 

 

ཚན་རིག་དུས་དེབ། ༢

 

 

ཚན་རིག་དུས་དེབ། ༣

 

 

ཚན་རིག་དུས་དེབ། ༤

 

 

ཚན་རིག་དུས་དེབ། ༥

 

 

ཚན་རིག་དུས་དེབ། ༦

 

 

ཚན་རིག་དུས་དེབ། ༧

 

 

ཚན་རིག་དུས་དེབ། ༡༤

 

 

ཚན་རིག་དུས་དེབ། ༡༥

 

 

ཚན་རིག་དུས་དེབ། ༡༦

 

 

ཚན་རིག་ཚགས་པར། ༢༠༠༦ ༡

 

 

ཚན་རིག་ཚགས་པར། ༢༠༠༦ ༢

 

 

ཚན་རིག་ཚགས་པར། ༢༠༠༧ ༡

 

 

ཚན་རིག་ཚགས་པར། ༢༠༠༧ ༢

 

 

ཚན་རིག་ཚགས་པར། ༢༠༠༨ ༡

 

 

ཚན་རིག་ཚགས་པར། ༢༠༠༨ ༢

 

 

ཚན་རིག་ཚགས་པར། ༢༠༠༨ ༣

 

 

ཚན་རིག་ཚགས་པར། ༢༠༠༩ ༡

 

 

ཚན་རིག་ཚགས་པར། ༢༠༠༩ ༢

 

 

ཚན་རིག་ཚགས་པར། ༢༠༡༠ ༡

 

 

ཚན་རིག་ཚགས་པར། ༢༠༡༠ ༢

 

 

ཚན་རིག་ཚགས་པར། ༢༠༡༡ ༡

 

 

ཚན་རིག་ཚགས་པར། ༢༠༡༡ ༢

 

 

ཚན་རིག་ཚགས་པར། ༢༠༡༢

 

 

ཚན་རིག་ཚགས་པར། ༢༠༡༣

 

 

ཚན་རིག་ཚགས་པར། ༢༠༡༤ ༡

 

 

ཚན་རིག་ཚགས་པར། ༢༠༡༤ ༢

 

 

ཚན་རིག་ཚགས་པར། ༢༠༡༦

 

 

བོད་བརྒྱུད་ནང་བསྟན་དང་དེང་དུས་དངོས་ཁམས་རིག་པ།

 

 

སྐྱེ་དངོས་རིག་པའི་ངོ་སྤྲོད་སློབ་དེབ།

 

 

དབང་རྩའི་ཚན་རིག་གི་ངོ་སྤྲོད་སློབ་དེབ།

 

 

ཚན་རིག་གི་ལྟ་གྲུབ། ངོ་སྤྲོད་སྙིང་བསྡུས་ཤིག

 

 

Mind In The Balance

 

 

ཀླད་ཆེན་དང་སེམས་སྱི་འབྲེལ་བ་ལ་དཔྱད་པ།

 

 

དངོས་ཡོད་ཀྱི་འཇིག་རྟེན།

 

 

སྦས་དོན་གྱི་ཕྱོགས་ཆ།

 

 

ཚན་རིག་གི་ཤེས་བྱ།

 

 

Mind Emptiness and Quantum Physics

 

 

The Buddhist Science of Mind

 

 

ཚན་རིག་གི་ཐ་སྙད།

 

 

དབྱིན་བོད་ཤན་སྦྱར་གྱི་དེང་རབས་ཚན་རིག་ཚིག་མཛོད་རིག་གནས་གསར་པའི་འཇུག་སྒོ།

 

ཚོགས་མི།

བསྟན་འཛིན་དཔལ་སྒྲོན།
སྡེ་ཚན་འགན་འཛིན།
ཚེ་དབང་རིག་འཛིན།
ཡིག་སྒྱུར་དང་ཉམས་ཞིབ་ལས་འཛིན་པ།
ཡིག་སྒྱུར་དང་ཉམས་ཞིབ་ལས་འཛིན་པ།
འཕྲིན་ལས་དབང་འདུས།
ཡིག་སྒྱུར་དང་ཉམས་ཞིབ་ལས་འཛིན་པ།
བསྟན་འཛིན་ཆོས་ཉིད།
དྲ་ཚིགས་དོ་དམ་པ།