དྷ་ས་བོད་ཀྱི་དཔེ་མཛོད་ཁང་ནས་ཕྱི་ལོ་ ༢༠༢༢ ཟླ་ ༥ ཚེས་ ༢༩ ཉིན་ཟླ་བ་གཉིས་རིང་གི་བོད་ཀྱི་སྐད་ཡིག་དང་། ནང་ཆོས། བོད་ཀྱི་གནའ་དེང་ལོ་རྒྱུས་བཅས་ཀྱི་ཐོག་སློབ་ཁྲིད་དང་རྒྱུས་སྟོན་གྱི་ཟབ་སྦྱོང་ལེགས་པར་གྲུབ་ཅིང་། མཇུག་སྡོམ་མཛད་སྒོའི་སྐབས་སུ། སྐུ་མགྲོན་གཙོ་བོར་ཆོས་རིག་དྲུང་ཆེ་འཆི་མེད་ཚེ་དབྱངས་ལགས་དང་། འདི་གའི་ངེས་སྟོན་པ་དགེ་བཤེས་ལྷག་རྡོར་ལགས། དེ་བཞིན་དྲུང་གཞོན་མཆོག་དང་དགེ་སློབ་ལྷན་འཛོམས་བཅས་མཛད་སྒོ་འདི་དགའ་སྤྲོའི་ངང་མཇུག་གྲུབ། ཟབ་སྦྱོང་འདི་ནི་བོད་ཀྱི་དཔེ་མཛོད་ཁང་ནས་གོ་སྒྲིག་བྱས་པའི་ཟླ་གཉིས་རིང་གི་བོད་ཀྱི་རིག་གཞུང་ཟབ་སྦྱོང་ཐེངས་བཅུ་གསུམ་པ་དེ་ཡིན།
Check Also
ཕྱི་ལོ་ ༢༠༢༤ ཟླ་བ་ ༡༢ ཚེས་ ༡༢ ཉིན་ནིའུ་ཛི་ལེནྚ་གྲོས་ཚོགས་འཐུས་མི་གསུམ་དང་། ཕི་ཇཱིའི་གྲོས་ཚོགས་འཐུས་མི་བཅས་དྷ་ས་བོད་ཀྱི་དཔེ་མཛོད་ཁང་དུ་འཚམས་གཟིགས་ལ་ཕེབས་པ།
ཕྱི་ལོ་ ༢༠༢༤ ཟླ་བ་ ༡༢ ཚེས་ ༡༢ ཉིན་ནིའུ་ཛི་ལེནྚ་གྲོས་ཚོགས་འཐུས་མི་གསུམ་དང་། ཕི་ཇཱིའི་གྲོས་ཚོགས་འཐུས་མི་བཅས་དྷ་ས་བོད་ཀྱི་དཔེ་མཛོད་ཁང་དུ་འཚམས་གཟིགས་ལ་ཕེབས་པ།