ཕྱི་ལོ་ ༢༠༢༤ ཟླ་ ༧ པའི་ཚེས་ ༡༧ ཉིན་བོད་ཀྱི་དཔེ་མཛོད་ཁང་གི་ངེས་སྟོན་པ་དགེ་བཤེས་ལྷག་རྡོར་ལགས་ནས་ཊོ་རོན་ཊོ་གངས་ལྗོངས་བོད་ཀྱི་སྐད་དང་རིག་གཞུང་སློབ་གྲྭའི་དཔེ་སྟོན་ལས་རིམ་ཁོངས་མཉམ་ཞུགས་གནང་མཁན་སློབ་ཕྲུག་རྣམས་ལ་བོད་པའི་ཡ་རབས་བཟང་སྤྱོད་ཀྱི་གོམས་གཤིས་ཉར་དགོས་པ་དང་། བོད་པ་ཡིན་པར་དགའ་བ་སྒོམས་དགོས་པ་སོགས་ཚིག་རེ་བཟུང་བཤད་རྗེས་ཕྲུ་གུ་ཚོའི་མཉམ་དུ་དྲི་ལན་བྱས། སློབ་ཕྲུག་དེ་དག་ཟླ་བ་གཅིག་རིང་དྷ་སར་ཡོང་རྒྱུའི་ལས་རིམ་དེ་བཞིན་ཊོ་རོན་ཊོ་གངས་ལྗོངས་བོད་ཀྱི་སྐད་དང་རིག་གཞུང་སློབ་གྲྭ་དང་། ཤེས་རིག་ལས་ཁུངས། མེས་དབོན་གཙུག་ལག་སློབ་གྲྭ་བཅས་ཐུན་མོང་ནས་གོ་སྒྲིག་ཞུས་པ་ཞིག་རེད།
Check Also
བརྗོད་གཞི། ནང་བསྟན་གྱི་གལ་གནད་དང་འཕྲལ་ཕུགས་ཀྱི་ཕན་ཡོན།
བརྗོད་གཞི། ནང་བསྟན་གྱི་གལ་གནད་དང་འཕྲལ་ཕུགས་ཀྱི་ཕན་ཡོན། གཏམ་བཤད་པ། དགེ་བཤེས་ལྷ་རམས་པ་ཟླ་བ་ཚེ་རིང་ལགས།...