ཕྱི་ལོ་ ༢༠༢༣ ཟླ་ ༨ ཚེས་ ༩ ཉིན་དྷ་ས་བོད་ཀྱི་དཔེ་མཛོད་ཁང་གི་ངེས་སྟོན་པ་དགེ་བཤེས་ལྷག་རྡོར་ལགས་ནས་ཨ་རིའི་ཧར་ཝརཌ་གཙུག་ལག་སློབ་ཆེན་ནས་ཕེབས་པའི་སློབ་ཕྲུག་གྲངས་ ༩ ལ་ནང་ཆོས་ངོ་སྤྲོད་དང་དྲི་ལན་གནང་། དེ་རྗེས་ཁོང་རྣམས་དཔེ་མཛོད་ཁང་ལ་གཟིགས་སྐོར་དུ་འཁྲིད་དེ་དཔེ་མཛོད་ཁང་གི་ལོ་རྒྱུས་དང་དམིགས་ཡུལ། དེ་བཞིན་སྡེ་ཚན་ཁག་དང་དེ་དག་གི་ལས་འཆར་སོགས་ངོ་སྤྲོད་གནང་།
Check Also
ས་མིག་གསལ་བསྒྲགས།
ས་མིག ལོ་ཙཱ་བ། ཉུང་མཐའི་ཤེས་ཚད་དང་ཉམས་མྱོང་། ཉེ་བའི་གཙུག་ལག་རབ་འབྱམས་པ་ (BA) འམ་དེ་དང་མཉམ་པའི་ལག་འཁྱེར་ཡོད་པ། ནང་དོན་རིག་པ་དང་བོད་རིག་པའི་གཞུང་ལུགས་ཁག་བོད་ཡིག་ནས་དབྱིན་ཡིག་གམ་དབྱིན་ཡིག་ནས་བོད་ཡིག་ཏུ་སྒྱུར་བའི་ལས་ཀའི་ཉམས་མོང་ཉུང་མཐར་ལོ་གཅིག་ཡོད་པ།....
Library of Tibetan Works and Archives The Library of Tibetan Works and Archives is a Tibetan library in Dharamshala, India.