ཕྱི་ལོ་ ༢༠༢༡ ཟླ་ ༡༡ ཚེས་ ༡༧ ཉིན་བོད་ཀྱི་དཔེ་མཛོད་ཁང་ནས་གསར་ཐོན་དཔེ་དེབ་གཉིས་དབུ་འབྱེད་གནང་བཞིན་པ།

ཕྱི་ལོ་ ༢༠༢༡ ཟླ་ ༡༡ ཚེས་ ༡༧ ཉིན་བོད་ཀྱི་དཔེ་མཛོད་ཁང་དུ། འདི་གའི་ངེས་སྟོན་པ་དགེ་བཤེས་ལྷག་རྡོར་ལགས་དང་དཔེ་མཛོད་ཁང་གི་རིག་གཞུང་ཉམས་ཞིབ་དང་དཔར་སྐྲུན་སྡེ་ཚན་གྱི་རྩོམ་སྒྲིག་ལས་རོགས་པ་དགེ་བཤེས་ངེས་དོན་རྒྱ་མཚོ་ལགས་རྣམ་གཉིས་ནས་དྲ་ལམ་བརྒྱུད་བོད་ཀྱི་དཔེ་མཛོད་ཁང་ནས་གསར་ཐོན་དཔེ་དེབ་གཉིས་དབུ་འབྱེད་གནང་།
དཔེ་དེབ་གསར་ཐོན་རྣམས་ amazon(dot)in དང་། གུ་གལ་དྲ་ཐོག་དེབ་མཛོད་ཁང་(Google Play Book Store) ནས་མངགས་ཉོ་བྱེད་ཐུབ། དེབ་དངོས་གཟིགས་འདོད་ཡོད་རིགས་ནས་ཞལ་པར་ཨང་གྲངས་ ༦༢༣༠༨༡༢༡༡༢ འདིའི་ཐོག་འབྲེལ་བ་གནང་རོགས་གནང་།

 

Next Prev
Next Prev

Check Also

འཛམ་གླིང་གཉིས་ཀྱི་སྲུབས་ཀར་འཁྱམས་པའི་རྣམ་ཤེས་དབུ་འབྱེད་དང་གཏམ་བཤད།

རྩོམ་པ་པོ་ཚེ་རིང་གཡང་འཛོམས་ལགས་ཀྱིས་ཁོང་མོའི་བརྩམས་སྒྲུང་གྲགས་ཅན་ We Measure the Earth with Our Bodies ཞེས་པའི་བོད་འགྱུར། འཛམ་གླིང་གཉིས་ཀྱི་སྲུབས་ཀར་འཁྱམས་པའི་རྣམ་ཤེས་དབུ་འབྱེད་དང་གཏམ་བཤད། དུས་ཚོད། ཕྱི་ལོ་ ༢༠༢༤ ལོའི་ཟླ་ ༡༡ ཚེས་ ༢༠ ཉིན། ...