ཕྱག་དཔེ་གསུང་རྟེན་ཁང་།

Next Prev








Next Prev

ཕྱག་དཔེ་གསུང་རྟེན་ཁང་།

དཔེ་མཛོད་ཁང་འདིའི་ནང་ད་བར་ཕྱོགས་བསྡུས་བྱས་པའི་བོད་ཡིག་དཔེ་དེབ་དང་ཕྱག་དཔེ་གྲངས་ ༡༢༢༠༠༠ ལྷག་བཞུགས་ཡོད་པ་དང། དེ་དག་ཁྲོད་ཤིན་ཏུ་དཀོན་རིགས་ཀྱི་དཔེ་རྙིང་དང༌། ལོ་ངོ་བརྒྱ་ཕྲག་གི་ལོ་རྒྱུས་ལྡན་པའི་ཕྱག་དཔེ། བོད་ཕྱི་ནང་གཉིས་སུ་དཔར་སྐྲུན་བྱས་པའི་བོད་ཀྱི་སྐད་ཡིག་དང། ལོ་རྒྱུས། བརྡ་སྤྲོད། རྩོམ་རིགས། དཔྱད་གཞིའི་ཡིག་ཆ། སྤྱིར་བཏང་ཤེས་བྱ། བོད་སྒྱུར་དཔེ་དེབ། དུས་དེབ། གསར་ཤོག་སོགས་དཔེ་དེབ་སྣ་ཚོགས། ནང་པ་སངས་རྒྱས་པའི་བཀའ་བསྟན་དཔར་མ་གསར་རྙིང་དང། ས་དགེ་བཀའ་རྙིང་གཡུང་དྲུང་བོན་དང་བཅས་པའི་ཐུན་མིན་བཞེད་སྲོལ་མི་འདྲ་བའི་གཞུང་ལུགས་ཁག་གཅེས་ཉར་གྱིས་ཕྱི་ནང་མི་རིགས་ཁག་གི་ཉམས་ཞིབ་པ་དང། དོན་གཉེར་ཅན་གྱི་ཀློག་པ་པོ་རྣམས་ཀྱིས་ལྟ་ཀློག་བྱེད་རྒྱུའི་མཐུན་རྐྱེན་དུ་སྤྱན་འབུལ་ཞུས་དང་ཞུ་མུས། དེ་བཞིན་སྔར་ནས་ད་བར་དཔར་སྐྲུན་ཟིན་པའི་གསར་ཤོག་དང་བོད་ཕྱི་ནང་གི་དུས་དེབ་རྣམས་ཕྱོགས་སྒྲིག་གཅེས་གསོག་དང། ལོ་ལྟར་བོད་ཕྱི་ནང་གཉིས་ནས་དཔེ་དེབ་གསར་པ་ཐོན་རིམ་བཞིན་རིན་མེད་དམ་བླུ་ཡོན་གྱི་ལམ་ནས་མཁོ་བསྡུ་ཞུ་བཞིན་ཡོད་ཁར། གལ་ཆེའི་ཕྱག་དཔེ་དང་ཡིག་ཚགས་རྣམས་ཀམ་པུ་ཊར་ནང་ལྟ་ཀློག་བྱེད་རྒྱུར་བཤེར་འབེབས་ཉར་ཚགས་ཞུ་མུས། མ་ཟད་ཕྱི་ནང་གི་མི་རིགས་དབྱེར་མེད་ལ་ཕྱག་དཔེ་གཡར་ཕྱོགས་ཀྱི་སྒྲིག་སྲོལ་ལྟར་གཡར་པོ་གནང་ལམ་ཡོད།

ཕབ་ལེན་བྱེད་ཐུབ་པའི་རྒྱུ་ཆ།

  • ཕྱག་དཔེ་གསུང་རྟེན་ཁང་གི་དཀར་ཆག ༢༠༢༡

ཚོགས་མི།

བསོད་ནམས་སྟོབ་རྒྱལ།
སྡེ་ཚན་འགན་འཛིན།
དགེ་བཤེས་བློ་བཟང་སྐལ་བཟང་།
དཔེ་མཛོད་དོ་དམ་པ།
ཕུན་ཚོགས་སྒྲོལ་མ།
དཔེ་མཛོད་དོ་དམ་པ།
འཚག་སེལ་ལས་མི།
བདེ་མཆོག་བཀྲ་ཤིས།
འཚག་སེལ་ལས་མི།
འཆི་མེད་སྒྲོལ་དཀར།
འཚག་སེལ་ལས་མི།
པདྨ་དབང་མོ།
འཚག་སེལ་ལས་མི།