དེབ་སྐྱེལ། སློབ་ཡོན། སྡོད་ཁང་གི་མཐུན་རྐྱེན།

དེབ་སྐྱེལ།

སློབ་ཕྲུག་ཚོས་སློབ་ཞུགས་མ་བྱས་སྔོན་དཔེ་མཛོད་འཛིན་སྐྱོང་ལས་ཁུངས་སུ་ཐོ་བཀོད་བྱེད་དགོས། སློབ་ཡོན་ཕྲན་བུ་ལས་བསྡུ་ལེན་བྱེད་ཀྱི་མེད་སྟབས་སློབ་ཕྲུག་ཚོས་མིང་ཐོ་འགོད་དུས་སློབ་ཡོན་ཆ་ཚང་འབུལ་དགོས་པ་ཡིན།

སློབ་ཡོན།

འདེབས་སྐྱེལ་ཆེད་དུ། སྒོར་ ༡༠༠ (ཐེངས་གཅིག་ལས་སྤྲོད་མི་དགོས་)
ནང་ཆོས་འཛིན་གྲྭ འཛིན་གྲྭ་རེར་ཟླ་བ་གཅིག་ལ་སྒོར་ ༤༠༠
སྐད་ཡིག་འཛིན་གྲྭ འཛིན་གྲྭ་རེར་ཟླ་བ་གཅིག་ལ་སྒོར་ ༦༠༠
དཔེ་དེབ་ལྟ་ཀློག་ཙམ། ཟླ་རེར་སྒོར་ ༡༠༠
ཉམས་ཞིབ་པའི་ཆེད་དུ་དཔེ་དེབ་བལྟ་ཀློག་དང་གཡར་རྒྱུར་ཆེད། ཟླ་རེར་སྒོར་ ༣༠༠
ལོ་གཅིག་ལ་སྒོར་ ༡༥༠༠

སྡོད་ཁང་གི་མཐུན་རྐྱེན།

ཐབ་ཚང་དང་གསང་སྤྱོད་ཁྲུ་ཁང་མཉམ་སྦྱར་ཡོད་པ་དང་མེད་པའི་སློབ་ཕྲུག་སྡོད་ཁང་ཁ་ཤས་ཡོད། སྡོད་ཁང་རྣམས་སློབ་ཕྲུག་ངོ་ཕེབས་བྱུང་ཚམས་སྡོད་ཁང་སྟོང་པ་ཡོད་ཚེ་འབུལ་རྒྱུ་ཡིན། དེ་བཞིན་ཕྱི་རྒྱལ་ཉམས་ཞིབ་པ་རང་ཉིད་ཀྱི་མཐོ་སློབ་ནས་རྒྱབ་གཉེར་ཡི་གེ་ཡོད་ཚེ་དཔེ་མཛོད་ཁང་དུ་དཔེ་དེབ་ཀློག་གཡར་དང་མཐུན་རྐྱེན་གཞན་བེད་སྤྱོད་བྱེད་འཐུས། དཔེ་དེབ་ལྟ་ཀློག་ཙམ་དུ་ཡིན་ན་ཟླ་རེར་སྒོར་ ༡༠༠ རེ་དང་། ཉམས་ཞིབ་པའི་ཆེད་དུ་དཔེ་དེབ་བལྟ་ཀློག་དང་གཡར་རྒྱུར་ཟླ་རེར་སྒོར་ ༣༠༠ དང་། ལོ་གཅིག་ལ་སྒོར་ ༡༥༠༠ འབུལ་དགོས།