ཟླ་གསུམ་རྩོམ་སྒྱུར་ཟབ་སྦྱོང་ཐེངས་བཅུ་བདུན་པའི་མཇུག་སྡོམ་མཛད་སྒོ།

ཕྱི་ལོ་ ༢༠༢༤ ཟླ་ ༡༠ ཚེས་ ༩ ཉིན་བོད་ཀྱི་དཔེ་མཛོད་ཁང་ནས་གོ་སྒྲིག་ཞུས་པའི་ཟླ་གསུམ་རྩོམ་སྒྱུར་ཟབ་སྦྱོང་ཐེངས་བཅུ་བདུན་པའི་མཇུག་སྡོམ་མཛད་སྒོའི་སྐབས་སུ། སྐུ་མགྲོན་གཙོ་བོར་ དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་ལས་ཁུངས་ཀྱི་དྲུང་ཆེ་བདུད་འདུལ་རྡོ་རྗེ་ལགས། འདི་གའི་ངེས་སྟོན་པ་དགེ་བཤེས་ལྷག་རྡོར་ལགས་དང་དྲུང་ཆེ་ལགས། དེ་བཞིན་དགེ་རྒན་རྣམས་དང་སློབ་ཕྲུག་ལྷན་འཛོམས་བཅས་མཛད་སྒོ་འདི་དགའ་དགའ་སྤྲོ་སྤྲོའི་ངང་མཇུག་གྲུབ། ཟབ་སྦྱོང་འདི་ནི་རྩོམ་སྒྱུར་ཟབ་སྦྱོང་ཐེངས་བཅུ་བདུན་པ་དེ་ཡིན།

Check Also

དཔེ་དེབ་དབུ་འབྱེད།

༄༅། དྷ་ས་བོད་ཀྱི་དཔེ་མཛོད་ཁང་ནས་ནག་ཆུ་ཞབས་དགོན་འགྲོ་འདྲེན་བདེ་སྐྱིད་གླིང་གི་ལོ་རྒྱུས་"ཀུན་གསལ་མེ་ལོང་"ཞེས་པའི་དཔེ་དེབ་དབུ་འབྱེད་གནང་རྒྱུ་ཡིན་པས་ཐུགས་སྣང་ཅན་ཚོས་དགྱེས་གཟིགས་ཞུ།