སྐད་ཡིག་དགེ་རྒན།


མིང་། ཨཅཱརྱ་ན་ག་སངས་རྒྱས་བསྟན་དར།

ཨཅཱརྱ་ན་ག་སངས་རྒྱས་བསྟན་དར་ནི། ཕྱི་ལོ་ ༡༩༩༡ ལོར་བོད་ཀྱི་དཔེ་མཛོད་ཁང་དུ་ཕྱག་ལས་གནང་བར་ཕེབས། ཁོང་ད་ལྟའི་ཆར་བོད་ཀྱི་དཔེ་མཛོད་ཁང་གི་སྐད་ཡིག་དང་རིག་གཞུང་ཉམས་ཞིབ་སྡེ་ཚན་གྱི་འགན་འཛིན་དང་། བོད་ཀྱི་དཔེ་མཛོད་ཁང་གི་དེབ་འཕྲེང་གཏམ་ཚོགས་ཀྱི་རྩོམ་སྒྲིག་པའི་འགན་འཁུར་བཞེས་ཡོད། ཁོང་ལ་ལོ་ཉི་ཤུ་ལྷག་གི་བོད་ཀྱི་སྐད་ཡིག་ སློབ་ཁྲིད་གནང་བའི་ཉམས་མྱོང་ལྡན་ཡོད། དེ་བཞིན་ཧྤ་རན་སིའི་རྒྱལ་ས་པྰེ་རི་སི་ནང་རྟེན་གཞི་བྱེད་པའི་རྒྱལ་སྤྱིའི་ཤར་ཕྱོགས་སྐད་ཡིག་སློབ་གྲྭ་ཆེན་མོ་ (National Institute of Oriental Language and Civilizations (INALCO)) རུ་སློབ་དུས་ ༢༠༡༤-༢༠༡༥ རིང་བོད་ཀྱི་སྐད་ཡིག་དང་རྩོམ་རིག་གི་སློབ་ཁྲིད་གནང་ཡོད། ཁོང་གིས་བོད་ཀྱི་དཔེ་མཛོད་ཁང་གི་སྔ་དྲོའི་དམིགས་བསལ་སྐད་ཡིག་འཛིན་གྲྭ་ དང་དེ་མིན་ཟབ་སྦྱོང་ཁག་ལ་སློབ་ཁྲིད་གནང་བཞིན་ཡོད།

 


མིང་། ཨཅྰརྱ་ཨ་ནེ་ནོར་འཛོམས

ཨཅྰརྱ་ཨ་ནེ་ནོར་འཛོམས་ནི་ཝ་ར་ན་སིའི་མཐོ་སློབ་ནས་བོད་ཀྱི་སྐད་ཡིག་དང་ནང་པའི་ལྟ་གྲུབ་ཀྱི་ཐོག་ཨཅྰརྱའི་ཕྱག་ཁྱེར་བཞེས་ཏེ། ཕྱི་ལོ་ ༡༩༩༩ ལོར་བོད་ཀྱི་དཔེ་མཛོད་ཁང་དུ་ཕྱག་ལས་གནང་བར་ཕེབས། ད་ལྟའི་ཆར་ཁོང་བོད་ཀྱི་སྐད་ཡིག་དགེ་རྒན་གནང་བཞིན་ཡོད།

 


མིང་། བུ་ཟླ་བ།

བུ་ཟླ་བ་ནི་༧ཏ་ལའི་བླ་མའི་མཐོ་རིམ་སློབ་གཉེར་ཁང་ནས་བོད་ཀྱི་སྐད་ཡིག་ཐོག་ཉེ་བའི་གཙུག་ལག་རམ་འབྱམས་གནང་བ་དང་། ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་ནས་དགེ་རྒན་འོས་སྦྱོང་ཐོན། དེ་རྗེས་གྷོ་པལ་པུར་བོད་ཁྱིམ་དུ་ལོ་གསུམ་རིང་བོད་ཡིག་དགེ་རྒན་གནང་། ཕྱི་ལོ་ ༢༠༡༩ ལོར་བོད་ཀྱི་དཔེ་མཛོད་ཁང་དུ་ཕྱག་ལས་གནང་འགོ་བཙུགས་ཡོད།

 


མིང་། དཔལ་ལྡན་མཚོ་མོ།

དཔལ་ལྡན་མཚོ་མོ་ནི་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་ནས་བོད་ཀྱི་སྐད་ཡིག་ཐོག་ཉེ་བའི་གཙུག་ལག་རམ་འབྱམས་ཐོན་ཏེ། ཕྱི་ལོ་ ༢༠༡༨ ལོར་བོད་ཀྱི་དཔེ་མཛོད་ཁང་གི་སྐད་ཡིག་འཛིན་གྲྭའི་དགེ་རྒན་གནང་འགོ་བཙུགས། དེ་སྔོན་ལོ་གསུམ་རིང་དུ་བཞུགས་སྒར་ མེག་ལོར་དུ་ཡོད་པའི་ནང་བསྟན་སྲིད་ཞུ་ཁང་གི་བོད་ཀྱི་སྐད་ཡིག་དགེ་རྒན་ཡང་གནང་ཡོད།

 


མིང་། བཀྲིས་མཚོ་མོ།

བཀྲིས་མཚོ་མོ་ནི་ཝ་ར་ན་སིར་དགེ་རྒན་འོས་སྦྱོང་ཐོན་ཏེ། རྒྱ་གར་ནུབ་ཕོགས་ཨུ་དྷི་ཤ་ནང་ཡོད་པའི་སམ་བྷོ་ཊ་བོད་སློབ་ཏུ་ལོ་གསུམ་ཙམ་གྱི་རིང་བོད་ཡིག་དང་། སྤྱི་ཚོགས་རིག་གནས། ཨང་རྩིས། ཚན་རིག་སོགས་ཀྱི་སློབ་ཚན་སློབ་ཁྲིད་གནང་ཡོད། ཕྱི་ལོ་ ༢༠༡༩ ལོར་བོད་ཀྱི་དཔེ་མཛོད་ཁང་དུ་བོད་ཡིག་ དགེ་རྒན་གྱི་ཕྱག་ལས་གནང་འགོ་བཙུགས་ཡོད།