དཔེ་ཁྲིད་དགེ་རྒན།


མིང་། དགེ་བཤེས་ལྷག་རྡོར།

དགེ་བཤེས་ལྷག་རྡོར་ལགས་ནི་ད་ལྟ་བོད་ཀྱི་དཔེ་མཛོད་ཁང་གི་ངེས་སྟོན་པ་ཡིན་ཞིང་། ཁོང་དཔེ་མཛོད་དུ་མ་ཕེབས་སྔོན་ལོ་བཅུ་དྲུག་གི་རིང་དུ་༧གོང་ས་སྐྱབས་དགོན་༧རྒྱལ་བ་མཁྱེན་པའི་གསུང་བསྒྱུར་གནང་ཡོད།ཕྱི་ལོ་ ༡༩༨༢ ལོར་རྒྱ་གར་བྱང་ཕྱོགས་ཅན་དྷི་གྷ་མཐོ་སློབ་ནས་དབྱིན་ཇིའི་སྐད་ཡིག་གི་གཙུག་ལག་རབ་འབྱམས་སློབ་ཐོན་ཏེ་དེའི་རྗེས་ལྡི་ལིའི་མཐོ་སློབ་ནས་སློབ་དཔོན་གཞོན་པའི་ཕྱག་ཁྱེར་བཞེས་ཡོད། དེ་ནས་ཕྱི་ལོ་ ༡༩༩༥ ལོར་རྒྱ་གར་ལྷོ་ཕྱོགས་ཀྱི་གདན་ས་ཆེན་པོ་འབྲས་སྤུང་བློ་གསལ་གླིང་ནས་དགེ་བཤིས་ མཚན་གནས་བཞེས་ཡོད་པ་རེད། ཁོང་གིས་༧གོང་ས་མཆོག་གིས་མཛད་པའི་ཕྱག་དབེ་ཁག་ཅིག་ཀྱང་དབྱིན་སྒྱུར་གནང་རྒྱུར་རམ་འདེགས་གནང་ཡོད།

 


མིང་། དགེ་བཤིས་བློ་བཟང་བརྩོན་འགྲུས།

དགེ་བཤིས་བློ་བཟང་བརྩོན་འགྲུས་ལགས་ནི་དབུས་གཙང་ཁུལ་རྭ་སྒྲེང་དུ་འཁྲུངས་ཤིང་གུང་ལོ་བཅུ་གཉིས་ནས་ལྷ་སར་གནས་པའི་གདན་ས་ཆེན་མོ་སེ་རར་ཆོས་བཞུགས་གནང་། ཕྱི་ལོ་ ༡༩༨༥ལོར་བོད་ནང་གི་གནས་སྟངས་ཇི་སྡུག་ཏུ་འགྲོ་བའི་དབང་གིས་རྒྱ་གར་དུ་ཕེབས་ཏེ་ལྷོ་ཕྱོགས་སེ་ར་གྲྭ་ཚང་དུ་འཛུལ་ཞུགས་གནང་། ཕྱི་ལོ་ ༢༠༠༣ ལོར་དགེ་བཤེས་ཐོན་ཏེ་ལོ་གཅིག་གི་རིང་དྷ་ས་རྒྱུ་སྟོད་དུ་སྔགས་ཀྱི་སློབ་གཉེར་མཛད། དེའི་རྗེས་ལོ་གསུམ་གྱི་རིང་ བལ་ཡུལ་ཀོ་པན་དགོན་པར་དགེ་རྒན་གནང་བ་དང་། ཕྱི་ལོ་ ༢༠༠༥ ལ་བོད་ཀྱི་དཔེ་མཛོད་ཁང་དུ་ཕེབས་ཏེ་ད་བར་ཆོས་དགེ་ཡི་ཕྱག་ལས་གནང་མུས་ཡིན།

 


མིང་། དགེ་བཤེས་རྒྱལ་མཚན་ཚེ་རིང་།

དགེ་བཤེས་རྒྱལ་མཚན་ཚེ་རིང་ལགས་ནི་བོད་ཀྱི་ཡུལ་ཁམས་བྲག་གོར་འཁྲུངས་པ་དང་། གུང་ལོ་བཅོ་བརྒྱད་སོན་རྗེས་རང་གི་ཨ་ཞང་དང་ལྷན་དུ་རི་ཁྲོད་དུ་ནང་ཆོས་སློབ་གཉེར་འགོ་འཛུགས་གནང་།
དེའི་རྗེས་བྲག་གོ་དགོན་དུ་ལོ་ལྔའི་རིང་ཆོས་ཀྱི་སློབ་གཉེར་གནང་། ཕྱི་ལོ་ ༡༩༨༨ ལོར་རྒྱ་གར་དུ་ཕེབས་རྗེས་ལོ་ངོ་ཉི་ཤུ་རྩ་ལྔའི་རིང་དུ་གདན་ས་ཆེན་མོ་འབྲས་སྤུངས་སུ་ཆོས་ཀྱི་སློབ་གཉེར་མཐར་ཕྱིན་པ་གནང་། ཕྱི་ལོ་ ༢༠༡༣ ལོར་གདན་ས་དེ་ནས་དགེ་བཤེས་ལྷ་རམ་པའི་མཚན་གནས་བཞེས་པ་དང་། ལོ་གཅིག་རིང་རྒྱུ་སྨད་གྲྭ་ཚང་དུ་སྔགས་ཀྱི་སློབ་གཉེར་གནང་། ཕྱི་ལོ་ ༢༠༡༤ ལོར་བོད་ཀྱི་དཔེ་མཛོད་ཁང་དུ་ནང་ཆོས་ཀྱི་དགེ་རྒན་གནང་བར་ཕེབས་པ་ནས་བཟུང་ད་བར་ཆོས་དགེ་གནང་མུས་ཡིན།

ལོ་ཙཱ་བ།


མིང་། ཚེ་རིང་ནོར་བུ།

ཚེ་རིང་ནོར་བུ་ནི་བཞུགས་སྒར་རིག་ལམ་སློབ་གཉེར་ཁང་ནས་དབུ་མ་རམ་འབྱམས་པ་ཐོན་རྗེས་། ཕྱི་ལོ་༢༠༡༠ ནས་ད་བར་དུ་བོད་ཀྱི་དཔེ་མཛོད་ཁང་དུ་ནང་ཆོས་འཛིན་གྲྭའི་སྐད་སྒྱུར་གནང་དང་གནང་མུས་ཡོད།

 


མིང་། ཕུར་བུ་སྒྲོལ་མ།

ཕུར་བུ་སྒྲོལ་མ་ནི་སྰ་ར་མཐོ་རིམ་སློབ་གཉེར་ཁང་དང་ལྡི་ལི་གཙུག་ལག་མཐོ་སློབ་གཉིས་ཀ་ནས་ཉེ་བའི་གཙུག་ལག་རམ་འབྱམས་པ་ཐོན་སྟེ་ཕྱི་ལོ ༢༠༡༢ ནས་བཟུང་བོད་ཀྱི་བོད་མཛོད་ཁང་དུ་ནང་ཆོས་སྐད་སྒྱུར་གྱི་ཕྱག་ལས་གནང་བཞིན་ཡོད།

 


མིང་། ཇཱུལི་ཡ་ཝིལ་སོན།

ཇཱུལི་ཡ་ཝིལ་སོན་ནི། ཨ་རིའི་ཁེ་ལི་ཕྷོ་ནི་ཡེ་མཐོ་སློབ་ནས་ཉེ་བའི་གཙུག་ལག་རམ་འབྱམས་པ་ཐོན་ཡོད་པ་དང་། བོད་ཀྱི་དཔེ་མཛོད་ཁང་དུ་བོད་ཀྱི་སྐད་ཡིག་དང་ནང་ཆོས་ལྟ་གྲུབ་ཀྱི་གཙུག་ལག་རམ་འབྱམས་ཐོན་ཞིང་། ཕྱི་ལོ་ ༢༠༡༦-༢༠༡༨ རིང་སྰ་ར་མཐོ་རིམ་སློབ་གཉེར་ཁང་དུ་བོད་ཀྱི་སྐད་ཡིག་རིག་གཞུང་གི་སློབ་གཉེར་གནང་། ཕྱི་ལོ་ ༢༠༡༢ ནས་བཟུང་བོད་ཀྱི་དཔེ་མཛོད་ཁང་དུ་དང་བླངས་ཐོག་ནང་ཆོས་སྐད་སྒྱུར་གནང་བཞིན་ཡོད།

 


མིང་། ཟླ་སྒྲོན།

ཟླ་སྒྲོན་ནི་སྰ་ར་མཐོ་རིམ་སློབ་གཉེར་ཁང་དང་ལྡི་ལི་གཙུག་ལག་མཐོ་སློབ་ནས་ཉེ་བའི་གཙུག་ལག་རམ་འབྱམས་པའི་ལག་འཁྱེར་ཡོད། ཕྱི་ལོ་ ༢༠༡༤ ནས་བོད་ཀྱི་དཔེ་མཛོད་ཁང་དུ་ནང་ཆོས་ཀྱི་སྐད་སྒྱུར་གནང་བར་ཕེབས་ཏེ་ད་བར་ནང་ཆོས་སྐད་སྒྱུར་གྱི་ཕྱག་ལས་གནང་མུས་ཡོད།