ཡིག་སྒྱུར་དང་ཉམས་ཞིབ་སྡེ་ཚན།
ཤེས་ཡོན་བསྟི་གནས་ཁང་འདིའི་དཔར་སྐྲུན་སྡེ་ཚན་ལ་ཉམས་ཞིབ་དང་རྩོམ་སྒྱུར་སྡེ་ཚན་གྱིས་གལ་ཆེའི་ཞབས་འདེགས་རླབས་པོ་ཆེ་ཞུ་བ་དང་བོད་རིག་པའི་ཁྱབ་ཁོངས་ཚང་མའི་ནང་ཉམས་ཞིབ་མཐིལ་ཕྱིན་པ་གནང་བར་རོགས་རམ་གནང་གི་ཡོད།
སྡེ་ཚན་འདིའི་ནང་བོད་ཀྱི་སྲོལ་རྒྱུན་དགོན་སྡེ་ཁག་དང་དེ་མིན་དེང་དུས་ཀྱི་གཙུག་ལག་སློབ་གྲྭ་ཁག་ནས་བསླབ་པ་མཐར་སོན་པའི་ཚད་ལྡན་གྱི་གཏན་སྡོད་བོད་རིགས་ཤེས་ལྡན་པ་མི་ཉུང་བ་ཞིག་གིས་སྲི་ཞུ་སྒྲུབ་བཞིན་པ་མ་ཟད་དཔེ་དེབ་ཕབ་སྒྱུར་ཞུས་ཏེ་དཔར་སྐྲུན་སྡེ་ཚན་ལ་འབུལ་བ་དང་། ཉིན་རེའི་ནང་ཆོས་འཛིན་གྲྭར་གསུང་སྒྱུར་གཙོས་པའི་ལས་དོན་མཐའ་དག་འཐུས་སྒོ་ཚང་བ་ཞུ་གི་ཡོད།
བོད་རིག་པའི་བསྟི་གནས་ཀྱང་སྡེ་ཚན་འདིས་དོ་དམ་བྱེད་ཅིང་བོད་ཀྱི་སྐད་ཡིག་དང༌། རིག་གཞུང༌། ནང་ཆོས་བཅས་ལ་ཉིན་རེ་ལས་མ་བསྡད་པར་དོ་དབྱིངས་ཆེན་པོ་ཡོད་པའི་མི་རྣམས་ལ་སློབ་ཚན་མཁོ་སྦྱོར་གནང་གི་ཡོད། ཕྱི་ལོ་ ༡༩༧༠ ལོར་འཛིན་གྲྭ་ཐོག་མར་དབུ་བཙུགས་པ་དང་དེ་ནས་རིམ་བཞིན་ཕན་ཐོགས་ཆེན་པོ་བྱུང་སྟེ་ལོ་ལྟར་ལུ་གུ་རྒྱུད་དུ་སློབ་གཉེར་བ་མང་པོ་འདིར་སློབ་གཉེར་དུ་ཕེབས་ཀྱི་ཡོད། བོད་ཀྱི་རིག་གཞུང་ལ་བརྩི་མཐོང་དང་། ཤེས་རྟོགས། རྒྱུན་འཛིན་བཅས་ཀྱི་ཕྱིར་སྡེ་ཚན་འདིིའི་ལས་དོན་ནི་བོད་ཀྱི་དཔེ་མཛོད་ཁང་གི་འབད་རྩོལ་གྱི་ཆ་ཤས་གལ་འགངས་ཆེན་པོ་ཞིག་ཆགས་ཡོད།
གཟའ་འཁོར་གཅིག་ནང་ཉིན་དྲུག་རིང་བོད་ཀྱི་སྐད་ཡིག་དང་ནང་ཆོས་ཀྱི་འཛིན་གྲྭ་འཚོགས་ཀྱི་ཡོད། སློབ་ཚན་གྱི་དུས་ཡུན་གཅིག་མཚུངས་ཐོག་སློབ་ཚན་མི་འདྲ་བའི་ནང་ཆོས་ཀྱི་འཛིན་གྲྭ་ཁག་གསུམ་ཡོད། སྐད་ཡིག་འཛིན་གྲྭ་ནི་ལོ་རེར་སློབ་དུས་ཁག་གསུམ་འཚོགས་བཞིན་ཡོད་པ་ལས་སློབ་དུས་རེར་ཟླ་གསུམ་རེ་དང་། ནང་ཆོས་འཛིན་གྲྭའི་སློབ་ཁྲིད་ཀྱི་དུས་ཡུན་ནི་སྐབས་སུ་བབས་པའི་སློབ་ཚན་གྱི་གཞུང་ལ་རག་ལུས་ཡོད།
དངོས་གཞིའི་སློབ་དུས་ནི་ཕྱི་ཟླ་ ༣ ཚེས་ ༡༢ ནས་ ཟླ་ ༡༢ བར་ལོ་རེར་ཟླ་ ༩ འཚོགས་ཤིང་འཛིན་གྲྭའི་དུས་ཚོད་རེའུ་མིག་ལོ་འཁོར་མཚམས་སུ་སྡེ་ཚན་གྱི་ངོས་ནས་དཔར་སྐྲུན་ཞུ་གི་ཡོད།
ནང་ཆོས་འཛིན་གྲྭའི་དགེ་རྒན་ནི་བོད་ཀྱི་དཔེ་མཛོད་ཁང་གི་འཛིན་སྐྱོང་ལྷན་ཚོགས་ནས་འདེམས་སྒྲུག་ཞུས་ཏེ་གདན་འདྲེན་ཞུས་པའི་ཉམས་མྱོང་ཅན་དང་ཚད་ལྡན་གྱི་དགེ་བཤེས་འབའ་ཞིག་ཡིན། རྒྱུན་དུ་དགེ་བཤེས་ལགས་ཀྱིས་བོད་སྐད་ནང་སློབ་ཚན་ཁྲིད་དེ་ལོ་ཙཱ་བ་རྣམས་ཀྱིས་དབྱིན་སྐད་ནང་གསུང་སྒྱུར་ཞུ་གི་ཡོད། གནའ་བོའི་ཚད་ལྡན་གྱི་བོད་དང་རྒྱ་གར་གྱི་གཞུང་ལུགས་ཁག་འདེམས་སྒྲུག་ཞུས་ཏེ་ནང་པའི་ལྟ་གྲུབ་དང༌། སྒོམ། སེམས་དོན་རིག་པ། བཟང་སྤྱོད་བཅས་ཀྱི་སྲེ་ལྷད་མེད་པའི་སློབ་ཁྲིད་ཐད་ཀར་འཐོབ་ཕྱིར་ཤུགས་སྣོན་རྒྱག་གི་ཡོད། སློབ་ཕྲུག་ཁྲོད་བོད་རིགས་དང་འཛམ་གླིང་ཡུལ་གྲུ་གང་ས་ནས་ཕེབས་པའི་ཕྱི་རྒྱལ་སློབ་ཕྲུག་དེ་བཞིན་ཉེ་བའི་གཙུག་ལག་རབ་འབྱམས་པ་ཐོན་པའི་ཤེས་ལྡན་པ་མང་པོ་རྒྱུན་མར་ཡོང་གི་ཡོད། དེ་བཞིན་སྒོམ་ཉམས་ལེན་དང༌། མཁས་པའི་གཏམ་བཤད། གཞུང་དང་བསྟན་བཅོས་ཁག་ལ་བགྲོ་གླེང་བཅས་ཀྱི་འཛིན་གྲྭ་ཁག་མི་འདྲ་གོ་སྒྲིག་ཞུ་གི་ཡོད།
སློབ་ཁྲིད་ཀྱི་ཉམས་མྱོང་ཡོད་པའི་སྐད་ཡིག་དགེ་རྒན་གྱིས་མཛུབ་སྟོན་འོག་བོད་ཀྱི་སྐད་ཡིག་འཛིན་གྲྭ་ཁག་དྲུག་ཡོད་པ་ལས། ཆེད་མངགས་བོད་ཀྱི་སྐད་དང་ཡི་གེར་དོན་གཉེར་ཅན་ལས་དང་པོ་བ་རྣམས་ཀྱི་ཆེད་དུ་ཐོག་མར་བོད་ཡིག་གི་དབྱངས་གསལ་རྣམས་ཚུལ་བཞིན་དུ་འབྲི་ཀློག་སོགས་སྔོན་འགྲོའི་སློབ་ཁྲིད་ནས་འགོ་བཙུགས་ཏེ་རིམ་བཞིན་རང་རྐྱ་འཕེར་ངེས་ཀྱི་ཚད་མཐོའི་སློབ་ཁྲིད་ཀྱི་འཛིན་གྲྭ་བར་སློབ་གཉེར་བྱ་རྒྱུའི་གོ་སྐབས་ཡོད། བོད་ཀྱི་སྐད་ཡིག་འཛིན་གྲྭ་ནི་བོད་སྐད་དང་དབྱིན་སྐད་གཉིས་ལ་རྒྱུས་མངའ་ཡོད་པའི་ཁར་སྐད་ཡིག་ལ་སྦྱངས་པ་ཆེ་བའི་དགེ་རྒན་རྣམས་ཀྱིས་སློབ་ཁྲིད་གནང་གི་ཡོད། སློབ་ཕྲུག་རྣམས་ཀྱིས་བོད་ཀྱི་རིག་གཞུང་དང་ནང་ཆོས་ལ་ཐོས་བསམ་སློབ་གཉེར་བྱ་རྒྱུའི་ཕུགས་རེ་བསྒྲུབ་པའི་སླད་དུ། དགེ་རྒན་རྣམས་ཀྱིས་ཐོག་མར་བརྡ་སྤྲོད་གཞུང་ལུགས་དང་སྐད་བརྡའི་ལམ་ནས་བོད་སྐད་རྒྱག་སྟངས་དང་བོད་ཡིག་འབྲི་ཀློག་བྱེད་སྟངས་སློབ་ཀྱི་ཡོད། ཡུལ་སྐད་དང་ཚད་མཐོའི་བོད་ཡིག་ནི་མཐོ་རིམ་འཛིན་གྲྭའི་ནང་སློབ་ཀྱི་ཡོད།
སྡེ་ཚན་འོག་མ།
ནང་ཆོས་ལྟ་གྲུབ་འཛིན་གྲྭ།
བོད་ཀྱི་དཔེ་མཛོད་ཁང་གིས་ཉིན་ལྟར་ནང་ཆོས་ཀྱི་འཛིན་གྲྭ་གོ་སྒྲིག་བྱེད་པའི་དམིགས་ཡུལ་ནི། མི་རྣམས་ཀྱིས་དོན་དམ་པའི་དངོས་པོའི་གཤིས་ལུགས་ལ་བརྩི་མཐོང་དང་གོ་རྟོགས་རྙེད་དེ། ཉིན་རེའི་དཀའ་ངལ་དག་ལ་གདོང་ལེན་ཇི་ལྟར་བྱེད་ཕྱོགས་ཐད་ལམ་སྟོན་བྱ་ཕྱིར་ཡིན། འཛིན་གྲྭ་ནི་རང་གི་མི་ཚེའི་ཆ་ཤས་མང་ཆེ་བ་ནང་ཆོས་སློབ་གཉེར་དང་ཉམས་ལེན་ཐོག་འབད་འབུངས་བགྱིས་པའི་ཚད་ལྡན་གྱི་དགེ་བའི་བཤེས་གཉེན་རྣམས་ཀྱིས་འཁྲིད་གནང་བ་དང་། ཆབས་ཅིག་དབྱིན་སྐད་གསུང་སྒྱུར་བ་མཁོ་སྦྱོར་ཞུ་གི་ཡོད། འཛིན་གྲྭའི་སྐབས་རྒྱ་གར་རམ་བོད་ཀྱི་ཁུངས་ཐུབ་འཕེལ་བའི་གཞུང་དམིགས་བསལ་ལམ་སྐབས་དོན་གལ་འགངས་ཆེ་བའི་ནང་ཆོས་ཀྱི་བརྗོད་བྱ་བྱེ་བྲག་གི་ཐོག་རྩལ་འདོན་ཞུ་ཞིང་། མི་ཚེ་གང་པོ་སྒོམ་སྒྲུབ་བྱེད་པའི་རྨང་གཞི་སྲ་བརྟན་མཁོ་བསྐྲུན་ཞུ་གི་ཡོད།
སྐད་ཡིག་སློབ་གཞི།
བོད་ཀྱི་སྐད་ཡིག་འཛིན་གྲྭ་ནི་ལོ་རེར་ཟླ་བ་གསུམ་ཅན་གྱི་སློབ་དུས་གསུམ་འཚོགས་ཀྱི་ཡོད་པ་ནི་ཕྱི་ཟླ་༣པའི་ཚེས་༤ནས་ཕྱི་ཟླ་༦པའི་ཚེས་༣་བར་དང། ཕྱི་ཟླ་༦པའི་ཚེས་༡༠ནས་ཕྱི་ཟླ་༩པའི་ཚེས་༩བར། ཕྱི་ཟླ་༩པའི་ཚེས་༡༦ནས་ཕྱི་ཟླ་༡༢པའི་ཚེས་༡༣བར་ཡིན། འཛིན་གྲྭ་དེར་རྨང་གཞིའི་སྐད་ཡིག་འཛིན་གྲྭ་དང། འབྲིང་རིམ་སྐད་ཡིག་འཛིན་གྲྭ། མཐོ་རིམ་སྐད་ཡིག་འཛིན་གྲྭ་བཅས་སྐད་ཡིག་འཛིན་གྲྭ་གསུམ་དུ་བགོས་པ་དང་རྨང་གཞི་དང་འབྲིང་རིམ་བོད་སྐད་འཛིན་གྲྭ་གཉིས་ཡོད། ཚོགས་ཐེངས་རེར་དུས་ཡུན་ཆུ་ཚོད་གཅིག་དང་བདུན་ཕྲག་རེར་ཚོགས་ཐེངས་ལྔ་འཚོགས་ཀྱི་ཡོད།
ཚོགས་འདུ་དང་ཟབ་སྦྱོང༌།
བོད་ཀྱི་རིག་གཞུང་དང་ཚན་རིག་དང་འབྲེལ་བའི་བརྗོད་གཞི་སྣ་ཚོགས་ཐོག་ལོ་རེར་དམིགས་བསལ་འཆར་འགོད་བྱས་པའི་ཟབ་སྦྱོང་དང་ཚོགས་འདུ་འདྲ་མིན་གོ་སྒྲིག་ཞུ་གི་ཡོད།
ཕབ་ལེན་བྱེད་ཐུབ་པའི་རྒྱུ་ཆ།
བོད་ཀྱི་དུས་དེབ།
-
བོད་ཀྱི་དུས་དེབ།
ཧིནྡྀའི་དུས་དེབ།
-
ཧིནྡྀའི་དུས་དེབ།