༄༅། །ཕྱི་ལོ་ ༢༠༢༢ ཟླ་ ༠༥ ཚེས་ ༢༣ རེས་གཟའ་ཟླ་བའི་ཉིན་དཔལ་ས་སྐྱའི་ཁྲི་འཛིན་ ༤༣ ཛྙ་ན་བཛྲ་རིན་པོ་ཆེ་མཆོག་དང་། དཔལ་ས་སྐྱ་ཁྲི་འཛིན་ ༤༢ རཏྣ་བཛྲ་རིན་པོ་ཆེ་མཆོག དཔལ་ས་སྐྱའི་སྐྱབས་མགོན་གོང་མ་ཕུན་ཚོགས་ཕོ་བྲང་གི་གདུང་སྲས་སྐྱབས་རྗེ་ཨ་བི་ཀྲྀ་ཏ་བཛྲ་རིན་པོ་ཆེ་མཆོག་དང་ཨ་སངྒ་བཛྲ་རིན་པོ་ཆེ་བཅས་བོད་ཀྱི་དཔེ་མཛོད་ཁང་དུ་གཟིགས་སྐོར་ལ་ཕེབས་གནང་ཡོད། སྐབས་དེར་འདི་གའི་ངེས་སྟོན་པ་དགེ་བཤེས་ལྷག་རྡོར་ལགས་དང་། སྤྱི་ཁྱབ་དྲུང་ཆེ་ངག་དབང་ཡེ་ཤེས་ལགས་ཀྱིས་དབུས་དཔེ་མཛོད་ཁང་གི་ལས་བྱེད་ཡོངས་ནས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་ཡོད་པ་དང་ངེས་སྟོན་པ་དགེ་བཤེས་ལྷག་རྡོར་ལགས་ནས་ཁོང་རྣམ་པར་བོད་ཀྱི་དཔེ་མཛོད་ཁང་གི་ལོ་རྒྱུས་དང་དམིགས་ཡུལ། དེ་བཞིན་སྡེ་ཚན་ཁག་དང་སྡེ་ཚན་སོ་སོའི་ལས་འཆར། འགྲེམ་སྟོན་ཁང་སོགས་ཀྱི་སྐོར་ངོ་སྤྲོད་ཞུས།