དཔེ་དེབ་གསར་ཐོན་དབུ་འབྱེད།

ཕྱི་ལོ་ ༢༠༢༠ ཟླ་ ༡༠ ཚེས་ ༡ ཉིན་བོད་ཀྱི་དཔེ་མཛོད་ཁང་དུ། འདི་གའི་ངེས་སྟོན་པ་དགེ་བཤེས་ལྷག་རྡོར་ལགས་དང་བོད་ཁྱིམ་སྤྱི་ཁྱབ་འགན་འཛིན་ཐུབ་བསྟན་རྡོ་རྗེ་ལགས་དབུས་པའི་འཛིན་སྐྱོང་འགན་འཛིན་དང་། དཔེ་མཛོད་ཁང་གི་རིག་གཞུང་ཉམས་ཞིབ་དང་དཔར་སྐྲུན་སྡེ་ཚན་གྱི་འགན་འཛིན་ན་ག་སངས་རྒྱས་བསྟན་དར་ལགས། ངག་རྒྱུན་ལོ་རྒྱུས་སྡེ་ཚན་གྱི་འགན་འཛིན་ཚེ་དབང་བུ་འཁྲིད་ལགས་བཅས་ནས་དྲ་ལམ་བརྒྱུད་བོད་ཀྱི་དཔེ་མཛོད་ཁང་ནས་དཔར་སྐྲུན་ཟིན་པའི་དཔེ་དེབ་གསར་པ་བདུན་དབུ་འབྱེད་གནང་ཡོད།
1. བོད་དང་ངའི་ལོ་རྒྱུས།
2. སྦས་པའི་བོད།
3. Toppled World
4. ༡༩༥༩ལྷ་ས།
5. མི་ཚེ་གཅིག་ལ་སྐྱིད་སྡུག་གསུམ།
6. གཏམ་གྱི་ཚོམས།
7. ཆར་རླུང་ཁྲོད་ཀྱི་སྟོན་ལྗང་།

བོད་ཀྱི་དཔེ་མཛོད་ཁང་གིས་འགྲེམས་སྤེལ་བྱས་པའི་དཔེ་དེབ་ཁག་གི་མིང་བྱང་རྣམས་འདི་ནས་གཟིགས་ཐུབ།
ཤོག་ཐོག་དེབ་དངོས་(Paperback)གཟིགས་འདོད་ཡོད་རིགས་ནས་ཞལ་པར་ཨང་གྲངས་ ༩༨༨༢༢༥༥༠༤༧ འདིའི་ཐོག་འབྲེལ་གནང་ཡོད་པ་ཞུ།

Next Prev
Next Prev

Check Also

གཏམ་རྒྱུད་གསེར་གྱི་ཐང་མ་སྟོད་ཆ་དང་སྨད་ཆ་གཉིས་ཀྱི་སྐོར་གཏམ་བཤད་གནང་བ།

ཕྱི་ལོ་ ༢༠༢༤ ཟླ་ ༥ ཚེས་ ༦ ཉིན་འབུམ་རམས་པ་དགེ་བཤེས་བློ་བཟང་རྡོ་རྗེ་རབ་གླིང་ལགས་ནས་ཞུ་སྒྲིག་ལེགས་པར་གྲུབ་པའི་མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་མཛད་པའི་གཏམ་རྒྱུད་གསེར་གྱི་ཐང་མ་སྟོད་ཆ་དང་སྨད་ཆ་གཉིས་ཀྱི་སྐོར་གཏམ་བཤད་གནང་བ།