སྤྱི་ནོར་༸གོང་ས་ལྷ་མིའི་རྣམ་འདྲེན་གྱི་བརྒྱད་ལྔའི་འཁྲུངས་སྐར་དུ་གཞོན་སྐྱེས་རྣམས་ཀྱིས་ཕུལ་བའི་ལེགས་སྐྱེས།

ཕྱི་ལོ་ ༢༠༢༠ ཟླ་ ༦ ཚེས་ ༡༧ ཉིན་ལྡི་ལིར་རྟེན་གཞི་བྱས་པའི་ཡ་མུ་ན་ཁྱིམ་ཚང་གླེང་སྟེགས་ཀྱིས་གོ་སྒྲིག་འོག་སྤྱི་ནོར་༸གོང་ས་ལྷ་མའི་རྣམ་འདྲེན་༸སྐྱབས་མགོན་རྒྱལ་བའི་དབང་པོ་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞིའི་སྐོར་ལ་བགྲོ་གླེང་རིམ་པ་ཁག་ཅིག་ཚོགས་རྒྱུ་ཡིན་འདུག འདི་ག་བོད་ཀྱི་དཔེ་མཛོད་ཁང་གི་ངེས་སྟོན་པ་དགེ་བཤེས་ལྷག་རྡོར་ལགས་ནས་སྐུ་མདུན་གྱི་ཐུགས་བསྐྱེད་དམ་བཅའ་བཞི་ལས་དང་པོ་འགྲོ་བ་མིའི་གཞི་རྩའི་བཟང་སྤྱོད་ཀྱི་གལ་ཆེ་རང་བཞིན་དང་གོང་འཕེལ་ཇི་ལྟར་གཏོང་དགོས་མིན་ཐད་བཀའ་སློབ་ལམ་སྟོན་གནང་རྒྱུ་ཡིན། དོན་གཉེར་ཅན་གྱི་མང་ཚོགས་རྣམས་ནས་དེབ་སྐྱེལ་གནང་སྟེ་གཤམ་འོག་གི་དྲ་ཐོག་ལས་ཐད་གཏོང་གཟིགས་ཐུབ།
ཚེས་གྲངས། ཕྱི་ལོ་ ༢༠༢༠ ཟླ་ ༦ ཚེས་ ༡༧།
དུས་ཚོད། དགོང་དྲོའི་ཆུ་ཚོད་ ༧།༠༠ ནས་ ༨།༣༠
ཐད་གཏོང་བྱེད་ས། Yamuna Khimtsang Forum (BlueJeans and Facebook)
དེབ་སྐྱེལ་གནང་ཡུལ། yamunakhimtsang(at)gmail.com

 

Next Prev
Next Prev

Check Also

ཕྱི་ལོ་ ༢༠༢༦ ཟླ་ ༡༡ ཚེས་ ༡༣ ཉིན་དགེ་འདུན་པའི་དེང་དུས་ཚན་རིག་ཟབ་སྦྱོང་ཐེངས་བཅུ་གཅིག་པའི་མཇུག་སྡོམ་མཛད་སྒོ།

ཕྱི་ལོ་ ༢༠༢༦ ཟླ་ ༡༡ ཚེས་ ༡༣ ཉིན་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་དང་བོད་ཀྱི་དཔེ་མཛོད་ཁང་ཟུང་འབྲེལ་ཐོག་གོ་སྒྲིག་ཞུས་པའི་དགེ་འདུན་པའི་དེང་དུས་ཚན་རིག་ཟབ་སྦྱོང་ཐེངས་བཅུ་གཅིག་པའི་མཇུག་སྡོམ་མཛད་སྒོའི་སྐབས་སུ་སྐུ་མགྲོན་གཙོ་བོར་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་...