༢༠༡༨ ལོའི་རྩོམ་སྒྱུར་ཟབ་སྦྱོང་གི་གསལ་བསྒྲགས།

༄། །དྷ་ས་བོད་ཀྱི་དཔེ་མཛོད་ཁང་ནས་སྤྱི་ལོ་ ༢༠༠༦ ལོ་ནས་འགོ་བརྩམས་ཏེ་དམིགས་བསལ་འདེམས་སྒྲུག་གིས་ལོ་རེར་དོན་གཉེར་བ་བཞི་བཅུ་ཐམ་པ་ལ་ཟླ་བ་གསུམ་གྱི་རྩོམ་སྒྱུར་ཟབ་སྦྱོང་ད་བར་ཐེངས་བཅུ་གཉིས་གོ་སྒྲིག་ཞུས་ཐུབ་ཤིང་། རྩོམ་སྒྱུར་ཟབ་སྦྱོང་ཐེངས་བཅུ་གསུམ་པ་དེ་ཕྱི་ལོ་ ༢༠༡༨ ཟླ་ ༧ ཚེས་ ༢ ནས་ཟླ་ ༩ ཚེས་ ༢༩ བར་གོ་སྒྲིག་ཞུ་རྒྱུ་ཡིན་པས། དོན་གཉེར་ཅན་རྣམས་ནས་ ༢༠༡༨ ཟླ་ ༦ ཚེས་ ༡༥ འགྱངས་མེད་སྙན་ཞུ་དང་གཤམ་འཁོད་དགོས་ངེས་ཡིག་ཆ་བཅས་བོད་ཀྱི་དཔེ་མཛོད་ཁང་དུ་འབུལ་ལམ་ཡོང་བ་ཞུ། ཐུགས་འདོད་ཡོད་རིགས་རྣམས་ནས་གཤམ་གསལ་གསལ་བསྒྲགས་ལ་གཟིགས་རོགས།

 

Next Prev
Next Prev

Check Also

ས་མིག་གསལ་བསྒྲགས།

རང་ལོ་ ༤༠ ལས་མ་བརྒལ་བ་དང་། གོང་གསལ་ཆ་རྐྱེན་ཚང་ཞིང་ལས་རིགས་དེའི་ནང་ཞུགས་འདོད་ཡོད་རིགས་ནས་རང་གི་ལོ་རྒྱུས་སྙིང་བསྡུས་དང་། དཔྱ་དངུལ་དུས་ཐོག་ཏུ་ཕུལ་བའི་བོད་མིའི་དང་བླངས་དཔྱ་དངུལ་ལག་དེབ།...