བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་ཕྱི་ལོ་ ༢༠༢༥ ཟླ་ ༡ ཚེས་ ༧ ནས་ ༩ བར་བཙན་བྱོལ་བོད་མིའི་ཤེས་རིག་ཚོགས་ཆེན་ཐེངས་བརྒྱད་པ་གངས་སྐྱིད་སྲིད་སྐྱོང་ཚོགས་ཁང་དུ་གོ་སྒྲིག་ཞུ་རྒྱུ་དང་། སྐབས་དེར་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་གི་འགན་འཛིན་དང་། དགེ་རྒན། བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་ཁག་གི་སྐུ་ཚབ་སོགས་མི་གྲངས་ ༢༢༠ ཙམ་ཚོགས་བཅར་གནང་གི་ཡོད་ཅིང་། དེ་སྐབས་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ནས་ཚེས་ ༧ ཉིན་ཆུ་ཚོད་ ༡༡།༢༠ ནས་ ༡༢།༣༠ བར། ཚོགས་བཅར་བ་རྣམས་ལ་སྐར་མ་ ༤༥ རིང་གཏན་ཉིན་སློབ་གྲྭ་ཁག་ནང་ཡ་རབས་བཟང་སྤྱོད་ཡར་རྒྱས་གཏོང་ཐབས་དང་། དེའི་ཐད་སློབ་གྲྭའི་དགེ་རྒན་དང་འགོ་ཁྲིད་རྣམས་ཀྱི་འགན་ཁུར་གནང་ཕྱོགས་སྐོར་གསུང་བཤད་གནང་རྒྱུ་དང་། དེའི་རྗེས་སུ་སྐར་མ་ ༢༥ རིང་དྲི་བ་དྲིས་ལན་གྱི་ལས་རིམ་ལ་མཉམ་ཞུགས་གནང་རྒྱུ།