གཙོ་ངོས། / སློབ་ཁྲིད།

སློབ་ཁྲིད།

སློབ་ཁྲིད་དང་སློབ་སྟོན།

ཀློང་རྡོལ་བླ་མ་རིན་པོ་ཆེས་མཛད་པའི་སྡིག་བཤགས་བྱེད་ཚུལ་སྐོར་འཆད་ཁྲིད་གནང་རྒྱུ།

དགེ་བཤེས་བློ་བཟང་བརྩོན་འགྲུས་ལགས་ནས་ཀློང་རྡོལ་བླ་མ་རིན་པོ་ཆེས་མཛད་པའི་སྡིག་བཤགས་བྱེད་ཚུལ་སྐོར་འཆད་ཁྲིད་གནང་རྒྱུ། དགེ་རྒན།               དགེ་བཤེས་བློ་བཟང་བརྩོན་འགྲུས་ལགས། དུས་ཚོད།              དགོང་དྲོའི་ཆུ་ཚོད་ ༥ ནས་ ༦:༣༠ བར། དུས་ཡུན།              ༢༠༡༩ ཟླ་ ༢ ཚེས་ ༢༥ ནས་ ཚེས་ ༢༧ བར། དེབ་སྐྱེལ།              སྒོར་ ༥༠/- ཚོགས་ཡུལ།            བོད་ཀྱི་དཔེ་མཛོད་ཁང་གི་ནང་ཆོས་འཛིན་གྲྭ།

མུ་མཐུད་ཀློག

རི་མོའི་སྒོ་ནས་ས་ལམ་གྱི་རྣམ་གཞག་དང་། རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་གྱི་གྲུབ་མཐའ་སྐོར་འཆད་ཁྲིད་གནང་རྒྱུ།

དགེ་བཤེས་ལྷ་རམས་པ་རྒྱལ་མཚན་ཚེ་རིང་ལགས་ནས་རི་མོའི་སྒོ་ནས་ས་ལམ་གྱི་རྣམ་གཞག་དང་། རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་གྱི་གྲུབ་མཐའ་སྐོར་འཆད་ཁྲིད་གནང་རྒྱུ། དགེ་རྒན།            དགེ་བཤེས་རྒྱལ་མཚན་ཚེ་རིང་ལགས། དུས་ཚོད།            ཉིན་རྒྱབ་ཆུ་ཚོད་ ༣ ནས་ ༤:༣༠ བར། དུས་ཡུན།            ༢༠༡༩ ཟླ་ ༢ ཚེས་ ༡༨ ནས་ཟླ་ ༣ ཚེས་ ༢ བར། དེབ་སྐྱེལ།            སྒོར་ ༥༠/- ཚོགས་ཡུལ།         བོད་ཀྱི་དཔེ་མཛོད་ཁང་གི་ནང་ཆོས་འཛིན་གྲྭ།

མུ་མཐུད་ཀློག

བོད་ཀྱི་དཔེ་མཛོད་ཁང་གི་ངེས་སྟོན་པ་དགེ་བཤེས་ལྷག་རྡོར་ལགས་ནས་དྷ་ས་ཊུ་ཤི་ཊ་ཆོས་ཚོགས་སུ་སཱ་ལུ་ལྗང་པའི་མདོ་འཆད་ཁྲིད་གནང་པ།

ཕྱི་ཟླ་ ༩ ཚེས་ ༢༢ ནས་ ༢༦ བར་ཉིན་ལྔའི་རིང་། བོད་ཀྱི་དཔེ་མཛོད་ཁང་གི་ངེས་སྟོན་པ་དགེ་བཤེས་ལྷག་རྡོར་ལགས་ནས་དྷ་ས་ཊུ་ཤི་ཊ་ཆོས་ཚོགས་སུ་སཱ་ལུ་ལྗང་པའི་མདོ་སྐོར་འཆད་ཁྲིད་གནང་རྒྱུ།

མུ་མཐུད་ཀློག

དམིགས་བསལ་ནང་ཆོས་འཛིན་གྲྭའི་ཆོས་ཐུན་དང་པོ།

དགེ་བཤེས་བློ་བཟང་བརྩོན་འགྲུས་ལགས་ནས་ཉིན་གསུམ་རིང་གི་དམིགས་བསལ་ནང་ཆོས་འཛིན་གྲྭ་འདི་བཞིན་སྤྱོད་འཇུག་ལེའུ་དྲུག་པ་བཟོད་པའི་སྐོར་གྱིས་འཆད་ཁྲིད་གནང་བཞིན་པ། དོན་གཉེར་ཅན་གྱི་སློབ་ཕྲུག དོན་གཉེར་ཅན་གྱི་སློབ་ཕྲུག དགེ་བཤེས་བློ་བཟང་བརྩོན་འགྲུས་ལགས་ནས་འཆད་ཁྲིད་གནང་བཞིན་པ། དགེ་བཤེས་བློ་བཟང་བརྩོན་འགྲུས་ལགས་ནས་འཆད་ཁྲིད་གནང་བཞིན་པ།

མུ་མཐུད་ཀློག

དམིགས་བསལ་ནང་ཆོས་འཛིན་གྲྭའི་ཆོས་ཐུན་དང་པོ།

དགེ་བཤེས་ལྷག་རྡོར་ལགས་ནས་ཕྱི་ལོ་ ༢༠༡༨ ཟླ་ ༡༠ ཚེས་ ༢༤ ནས་ ཚེས་ ༢༦ བར་ཉིན་གསུམ་གི་དམིགས་བསལ་ནང་ཆོས་འཛིན་གྲྭ་འདི་བཞིན་ཆེད་དུ་བརྗོད་པའི་ཚོམས་ལས་ལེའུ་སུམ་ཅུ་པ་བདེ་བའི་ཚོམས་ཀྱི་འཆད་ཁྲིད་གནང་བཞིན་པ།

མུ་མཐུད་ཀློག

སྤྱོད་འཇུག་ལེའུ་ལྔ་པ་ཤེས་བཞིན་བསྲུང་བ་སྐོར་གྱི་འཆད་ཁྲིད་གནང་རྒྱུ།

དགེ་བཤེས་ལྷག་རྡོར་ལགས་ནས་སྤྱོད་འཇུག་ལེའུ་ལྔ་པ་ཤེས་བཞིན་བསྲུང་བ་སྐོར་གྱི་འཆད་ཁྲིད་གནང་རྒྱུ། སྐད་ཡིག ཨིན་སྐད། ས་གནས། Casuarina, Indian Habitat Centre, Lodi Road. དུས་ཚེས། ཕྱི་ལོ། ༢༠༡༨ ཟླ། ༡༡ ཚེས། ༢༡ ནས། ༢༥ བར། དུས་ཚོད། དགོང་དྲོའི་ཆུ་ཚོད་ ༧ ནས་༨།༣༠ བར། གཤམ་གསལ་དྲྭ་ཚིགས་ཐོག་ཞིབ་ཕྲའི་གནས་ཚུལ་གསལ་ཡོད་པས་དེར་གཟིགས་འཚལ། www.furhhdl.org/ ཐོ་འགོད་དང་དྲི་བ་ཡོད་ཚེ་ཁ་བྱང་འདིར་ lhakdor@furhhdl.org གློག་འཕྲིན་གཏོང་བའམ་ས་གནས་ལས་ཁུངས་སུ་ངེས་ཕེབས་ཡོང་བ་ཞུ།

མུ་མཐུད་ཀློག

ཆེད་དུ་བརྗོད་པའི་ཚོམས་ལས་ལེའུ་སུམ་ཅུ་པ་བདེ་བའི་ཚོམས་ཀྱི་འཆད་ཁྲིད་གནང་རྒྱུ།

དགེ་བཤེས་ལྷག་རྡོར་ལགས་ནས་ཆེད་དུ་བརྗོད་པའི་ཚོམས་ལས་ལེའུ་སུམ་ཅུ་པ་བདེ་བའི་ཚོམས་ཀྱི་འཆད་ཁྲིད་གནང་རྒྱུ། སྐད་ཡིག           ཨིན་སྐད། དུས་ཚེས།         དགོང་དྲོའི་ཆུ་ཚོད་ ༥ ནས་ ༦:༣༠ བར། དུས་ཡུན།         ༢༠༡༨ ཟླ་ ༡༠ ཚེས་ ༢༤ ནས་ ༢༦ བར། ཚོགས་ཡུལ།      བོད་ཀྱི་དཔེ་མཛོད་ཁང་གི་ནང་ཆོས་འཛིན་ཁང་། དེབ་སྐྱེལ།          སྒོར་ ༡༠༠/-

མུ་མཐུད་ཀློག

བོད་ཀྱི་སྐད་ཡིག་སློབ་ཁྲིད་བྱེད་ཀྱི་ཡོད།

༄༅། །བཞུགས་སྒར་བོད་ཀྱི་དཔེ་མཛོད་ཁང་ནས་འདི་ལོའི་སྔ་དྲོའི་བོད་ཀྱི་སྐད་ཡིག་སློབ་འཁྲིད་ཐེངས་གཉིས་པ་ཕྱི་ལོ་ ༢༠༡༨ ཟླ་ ༩ ཚེས་ ༡༠ རེས་གཟའ་ཟླ་བ་ནས་འགོ་འཛུགས་བྱས་ཏེ་ཟླ་གཅིག་རིང་བོད་ཀྱི་སྐད་ཡིག་འཛིན་གྲྭ་ཞིག་འཚོགས་རྒྱུ་ཡིན།  ཐུགས་འདོད་ཡོད་རིགས་རྣམས་ནས་བོད་ཀྱི་དཔེ་མཛོད་ཁང་གི་འཛིན་སྐྱོང་ལས་ཁུངས་སུ་མིང་ཐོ་དེབ་སྐྱེལ་གནང་དགོས། སློབ་ཚན།      ༡ གངས་ཕྲུག་གི་གཏམ་རྒྱུད། (བོད་ཀྱི་དཔེ་མཛོད་ཁང་གི་སྐད་ཡིག་དེབ་ཕྲེང། ༢༧)                 ༢ ༸རྒྱལ་དབང་སྐུ་ཕྲེང་རིམ་བྱོན་གྱི་མཛད་རྣམ་སྙིང་བསྡུས་བྱིས་པའི་དགའ་ཚལ། (བོད་ཀྱི་དཔེ་མཛོད་ཁང་གི་རྣམ་ཐར་དེབ་ཕྲེང། ༢༣) དུས་ཚོད།    སྔ་དྲོའི་ཆུ་ཚོད་ ༧:༤༥ ནས་ ༩ བར། དགེ་རྒན།   ན་ག་སངས་རྒྱས་བསྟན་དར། དུས་ཡུན།   ༢༠༡༨ ཕྱི་ཟླ་ ༩ ཚེས་ ༡༠ ནས་ ཕྱི་ཟླ་ ༡༠ ཚེས་ ༩ བར།               (རབ་གནས་ས་ཁྱི། བོད་ཟླ་ ༨ ཚེས་ ༡ ནས་ཚེས་ ༣༠ བར།) ཚོགས་ཁང་།   …

མུ་མཐུད་ཀློག

དམིགས་བསལ་ནང་ཆོས་འཛིན་གྲྭའི་ཆོས་ཐུན་དང་པོ།

དགེ་བཤེས་ལྷག་རྡོར་ལགས་ནས་ཉིན་གསུམ་རིང་གི་དམིགས་བསལ་ནང་ཆོས་འཛིན་གྲྭ་འདི་བཞིན་བྱང་ཆུབ་སེམས་དཔའི་ནོར་བུའི་ཕྲེང་བའི་འཆད་ཁྲིད་གནང་བཞིན་པ། དགེ་བཤེས་ལྷག་རྡོར་ལགས་ནས་བྱང་ཆུབ་སེམས་དཔའི་ནོར་བུའི་ཕྲེང་བའི་འཆད་ཁྲིད་གནང་བཞིན་པ། དོན་གཉེར་ཅན་གྱི་སློབ་ཕྲུག དགེ་བཤེས་ལྷག་རྡོར་ལགས་ནས་འཆད་ཁྲིད་གནང་བཞིན་པ།

མུ་མཐུད་ཀློག

ནང་པའི་ཚན་རིག་དང་ལྟ་གྲུབ་ཀུན་བཏུས་ཀྱི་པོད་གཉིས་པའི་འཆད་ཁྲིད།

འཆད་ཁྲིད་འདི་ནི་སྐད་སྒྱུར་མེད་པར་ཐད་ཀར་བོད་སྐད་ཐོག་འཁྲིད་རྒྱུ་ཡིན། འདིའི་ཁྲིད་གཞུང་གཙོ་བོ་ནང་པའི་ཚན་རིག་དང་ལྟ་གྲུབ་ཀུན་བཏུས་སྨད་ཆ་གཞི་ལ་བཞག་ཡོད་པ་དང་། བརྗོད་བྱ་ནང་པའི་ཚན་རིག་གི་རྣམ་གཞག་ལས་ཡུལ་ཅན་བློའི་རྣམ་གཞག  སེམས་བྱུང་གི་རྣམ་གཞག་རྒྱས་པར་བཤད་པ། སེམས་ཕྲ་རགས་ཀྱི་རྣམ་གཞག བློ་ཡུལ་ལ་འཇུག་པའི་ཚུལ་བཤད་པ། བློས་ཡུལ་འཇལ་བའི་ཐབས་བཤད་པ། སྒོམ་གྱི་སྒོ་ནས་བློ་སྦྱོང་བའི་ཐབས་སོགས་ཀྱི་སྐོར་ལ་འཆད་ཁྲིད་གནང་རྒྱུ་དང་། ནང་པའི་ཚན་རིག་དང་ལྟ་གྲུབ་ཀུན་བཏུས་ཀྱི་བསྟན་བཅོས་འདི་བཞིན་ཨིན་སྐད་དང་རྒྱ་སྐད་ཀྱི་འགྱུར་ཡང་ཡོད། དུས་ཚོད། ཉིན་གུང་། ཆུ་ཚོད་ ༢།༠༠ ནས་ ༣།༠༠ བར། ཁྲིད་གཞུང་། ནང་པའི་ཚན་རིག་དང་ལྟ་གྲུབ་ཀུན་བཏུས་ཀྱི་པོད་གཉིས་པ། སློབ་དཔོན། དགེ་བཤེས་རྒྱལ་མཚན་ཚེ་རིང་ལགས། ཚེས་གྲངས། ཕྱི་ཟླ་ ༨ ཚེས་ ༡ ནས་ཕྱི་ཟླ་ ༡༢ ཚེས་ ༡༢ བར། ཐུགས་འདོད་ཡོད་རིགས་རྣམས་ནས་བོད་ཀྱི་དཔེ་མཛོད་ཁང་གི་འཛིན་སྐྱོང་ལས་ཁུངས་སུ་མིང་ཐོ་དེབ་སྐྱེལ་གནང་དགོས།  

མུ་མཐུད་ཀློག