གཙོ་ངོས། / གསལ་བསྒྲགས།

གསལ་བསྒྲགས།

གསལ་བསྒྲགས་གལ་ཆེ།

ལས་ཀའི་ས་མིག་གསལ་བསྒྲགས།

འདི་ག་བོད་ཀྱི་དཔེ་མཛོད་ཁང་དུ་བོད་ཡིག་དགེ་རྒན་གྱི་ས་མིག་སྟོང་པ་ཞིག་ཡོད་ལགས་ན་བོད་རིགས་འཛུལ་བློ་ཡོད་རིགས་ཚོས་དེ་ལུགས་དགོངས་ཆུབ་མཛོད།

མུ་མཐུད་ཀློག

བློ་སྦྱོང་གི་སྐོར་ལས་འཇིག་རྟེན་ཆོས་བརྒྱད་སྤོང་ཚུལ་གྱི་འཆད་ཁྲིད་གནང་རྒྱུ།

དགེ་བཤེས་ལྷག་རྡོར་ལགས་ནས་བློ་སྦྱོང་གི་སྐོར་ལས་འཇིག་རྟེན་ཆོས་བརྒྱད་སྤོང་ཚུལ་གྱི་འཆད་ཁྲིད་གནང་རྒྱུ། སྐད་ཡིག    ཨིན་སྐད། དུས་ཚེས།    དགོང་དྲོའི་ཆུ་ཚོད་ ༥ ནས་ ༦:༣༠ བར། དུས་ཡུན།    ༢༠༡༩ ཟླ་ ༤ ཚེས་ ༢༢ ནས་ ༢༤ བར། ཚོགས་ཡུལ།    བོད་ཀྱི་དཔེ་མཛོད་ཁང་གི་ནང་ཆོས་འཛིན་ཁང་། དེབ་སྐྱེལ།    སྒོར་ ༡༠༠/-

མུ་མཐུད་ཀློག

བོད་ཀྱི་དཔེ་མཛོད་ཁང་དུ་ལུས་སྦྱོང་སློབ་འཁྲིད།

འདི་ལོའི་ཕྱི་ཟླ། ༤ ཚེས། ༡ ནས་སླར་ཡང་བོད་ཀྱི་དཔེ་མཛོད་ཁང་དུ་ལུས་སྦྱོང་སློབ་འཁྲིད་འཚོགས་གཏན་འཁེལ་ཡོད་པས་ཐུགས་འདོད་ཡོད་རིགས་བོད་ཀྱི་དཔེ་མཛོད་ཁང་གི་འཛིན་སྐྱོང་ལས་ཁུངས་ལ་དེབ་སྐྱེལ་ཡོད་པ་ཞུ།

མུ་མཐུད་ཀློག

ལོ་དྲུག་གི་གཙུག་ལག་རབ་འབྱམས་པའི་སློབ་གཉེར།

བོད་ཀྱི་དཔེ་མཛོད་ཁང་ནས་སྤྱི་ལོ་ ༢༠༡༩ སྤྱི་ཟླ་ ༣ པའི་ནང་ལོ་དྲུག་གཙུག་ལག་རབ་འབྱམས་པའི་སློབ་གཉེར་ཏེ་བོད་ཀྱི་སྐད་ཡིག་དང་གཞུང་ཆེན་ལྔའི་སློབ་གཉེར་སྐབས་གཉིས་པ་དེ་འགོ་འཛུགས་ཞུ་ཡི་ཡོད་སྟབས། འདིར་འཛུལ་ཞུགས་སློབ་གཉེར་བའི་མཚན་ཐོ་བསྡུ་རུབ་ད་ལྟ་ནས་བྱེད་མུས་ཡིན། ལོ་དྲུག་གཙུག་ལག་སློབ་གཉེར་གྱི་སློབ་ཚན་ཁག་ནི་གཤམ་གསལ་ལྟར་ཡིན།   ༡། ཌིབ་ལོ་མ་སློབ་ཐོན། (ལོ་ཡུན་གཅིག་རིང་།) ༢། ཉེ་བའི་གཙུག་ལག་རབ་འབྱམས།(ལོ་ཡུན་གསུམ་རིང་།) ༣། གཙུག་ལག་རབ་འབྱམས། (ལོ་ཡུན་གཉིས་རིང་།)   དགོས་ངེས་ཆ་རྐྱེན། འཛིན་གྲྭ་ཡོངས་རྫོགས་གཙོ་བོ་བོད་སྐད་ནང་འཁྲིད་ཀྱི་ཡོད་པར་མ་ཟད་གཞུང་ཆེན་ཁག་རྣམས་དབུ་ཅན་ཡིག་གཟུགས་ཐོག་ཡོད་སྟབས། འཛུལ་ཞུགས་པས་བོད་སྐད་གོ་བཤད་ཐུབ་པ་དང་དབུ་ཅན་ཀློག་ཤེས་པ་དགོས་སོ།།   འཛུལ་ཞུགས་ཀྱི་མཐའ་མའི་ཚེས་གྲངས།    ཕྱི་ལོ་ ༢༠༡༩ ཟླ་ ༣ ཚེས་ ༡༥

མུ་མཐུད་ཀློག

ལོ་གཉིས་གི་གཙུག་ལག་རབ་འབྱམས་པའི་སློབ་གཉེར།

བོད་ཀྱི་དཔེ་མཛོད་ཁང་ནས་ཉེ་བའི་གཙུག་ལག་རབ་འབྱམས་ཐོན་པའི་སློབ་མ་རྣམས་འདི་ལོ་ནས་ལོ་གཉིས་ཀྱི་གཙུག་ལག་རབ་འབྱམས་པའི་སློབ་གཉེར་སྐབས་དང་པོ་འདི་འགོ་ཚུགས་ཀྱི་ཡོད་ཅིང་། གལ་ཏེ་ཁོང་ཚོ་དང་ལྷན་དུ་ལོ་གཉིས་རིང་ སློབ་གཉེར་གནང་འདོད་ཡོད་ན།  མ་མཐར་ཡང་ནང་བསྟན་རིག་པར་ལོ་བཞིའི་སློབ་གཉེར་གནང་ཟིན་པ་ཞིག་དགོས། དེ་ལྟར་ན་ཐུགས་འདོད་ཡོད་རིགས་རྣམ་པས་འདི་ག་བོད་ཀྱི་དཔེ་མཛོད་ཁང་གི་ཡིག་ཚང་ལ་སྤྱི་ལོ་ ༢༠༡༩ ཟླ་ ༣ ཚེས་ ༡༥ སྔོན་ལ་མིང་ཐོ་འགོད་དགོས་པའི་གསལ་བསྒྲགས་སུ། ཞིབ་ཕྲའི་གནས་ཚུལ་མཁྱེན་འདོད་ཡོད་ན།  གློག་འཕྲིན་ཁ་བྱང་ ltwa1970@gmail.com འདིར་འབྲེལ་བ་གནང་རོགས། ཡང་ན་དྲྭ་ཚིགས་ www.tibetanlibrary.org འདི་ལ་གཟིགས་རོགས། དགོས་ངེས་ཆ་རྐྱེན། འཛིན་གྲྭ་ཡོངས་རྫོགས་གཙོ་བོ་བོད་སྐད་ནང་འཁྲིད་ཀྱི་ཡོད་པར་མ་ཟད་གཞུང་ཆེན་ཁག་རྣམས་དབུ་ཅན་ཡིག་གཟུགས་ཐོག་ཡོད་སྟབས། འཛུལ་ཞུགས་པས་བོད་སྐད་གོ་བཤད་ཐུབ་པ་དང་དབུ་ཅན་ཀློག་ཤེས་པ་དགོས་སོ།།  

མུ་མཐུད་ཀློག

རི་མོའི་སྒོ་ནས་ས་ལམ་གྱི་རྣམ་གཞག་དང་། རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་གྱི་གྲུབ་མཐའ་སྐོར་འཆད་ཁྲིད་གནང་རྒྱུ།

དགེ་བཤེས་ལྷ་རམས་པ་རྒྱལ་མཚན་ཚེ་རིང་ལགས་ནས་རི་མོའི་སྒོ་ནས་ས་ལམ་གྱི་རྣམ་གཞག་དང་། རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་གྱི་གྲུབ་མཐའ་སྐོར་འཆད་ཁྲིད་གནང་རྒྱུ། དགེ་རྒན།            དགེ་བཤེས་རྒྱལ་མཚན་ཚེ་རིང་ལགས། དུས་ཚོད།            ཉིན་རྒྱབ་ཆུ་ཚོད་ ༣ ནས་ ༤:༣༠ བར། དུས་ཡུན།            ༢༠༡༩ ཟླ་ ༢ ཚེས་ ༡༨ ནས་ཟླ་ ༣ ཚེས་ ༢ བར། དེབ་སྐྱེལ།            སྒོར་ ༥༠/- ཚོགས་ཡུལ།         བོད་ཀྱི་དཔེ་མཛོད་ཁང་གི་ནང་ཆོས་འཛིན་གྲྭ།

མུ་མཐུད་ཀློག

བོད་ཀྱི་སྐད་ཡིག་སློབ་ཁྲིད་བྱེད་ཀྱི་ཡོད།

༄༅། །བཞུགས་སྒར་བོད་ཀྱི་དཔེ་མཛོད་ཁང་ནས་ ༢༠༡༨-༢༠༡༩ ལོའི་སྔ་དྲོའི་བོད་ཀྱི་སྐད་ཡིག་སློབ་འཁྲིད་ཐེངས་གསུམ་པ་ཕྱི་ལོ་ ༢༠༡༩ ཟླ་ ༡ ཚེས་ ༢ རེས་གཟའ་ལྷག་པ་ནས་འགོ་འཛུགས་བྱས་ཏེ་ཟླ་གཅིག་རིང་བོད་ཀྱི་སྐད་ཡིག་འཛིན་གྲྭ་ཞིག་འཚོགས་རྒྱུ་ཡིན། ཐུགས་འདོད་ཡོད་རིགས་རྣམས་ནས་བོད་ཀྱི་དཔེ་མཛོད་ཁང་གི་འཛིན་སྐྱོང་ལས་ཁུངས་སུ་མིང་ཐོ་དེབ་སྐྱེལ་གནང་དགོས། བརྗོད་བྱ། ༡ བོད་ཀྱི་བརྡ་སྤྲོད་དང་རིག་གཞུང། ༢ སྲི་གཅོད་དང་མོའི་ཕྲུ་གུ་ལྔའི་ཕ་རྣམས། (སྒྲུང་ཞིག་རེད་) (བོད་ཀྱི་དཔེ་མཛོད་ཁང་གི་སྐད་ཡིག་དེབ་ཕྲེང། ༡༢) དུས་ཚོད། སྔ་དྲོའི་ཆུ་ཚོད་ ༨:༠༠ ནས་ ༩ བར། དགེ་རྒན། ན་ག་སངས་རྒྱས་བསྟན་དར། དུས་ཡུན། ༢༠༡༩ ཕྱི་ཟླ་ ༡ ཚེས་ ༢ ནས་ ཕྱི་ཟླ་ ༡ ཚེས་ ༣༡ བར། (རབ་གནས་ས་མོ་ཕག །བོད་ཟླ་ ༡༡ ཚེས་ ༢༧ ནས་བོད་ཟླ་ ༡༢ ཚེས་ ༢༦ བར།) ཚོགས་ཁང་། …

མུ་མཐུད་ཀློག

བྱང་ཆུབ་ལམ་རིམ་ཆེན་མོའི་ལས་རྒྱུ་འབྲས་སྐོར་གྱི་འཆད་ཁྲིད་གནང་རྒྱུ།

དགེ་བཤེས་ལྷ་རམས་པ་རྒྱལ་མཚན་ཚེ་རིང་ལགས་ནས་བྱང་ཆུབ་ལམ་རིམ་ཆེན་མོའི་ལས་རྒྱུ་འབྲས་སྐོར་གྱི་འཆད་ཁྲིད་གནང་རྒྱུ། དགེ་རྒན། དགེ་བཤེས་ལྷ་རམས་པ་རྒྱལ་མཚན་ཚེ་རིང་ལགས། དུས་ཚོད། དགོང་དྲོའི་ཆུ་ཚོད་ ༥ ནས་ ༦:༥༠ བར། དུས་ཡུན། ༢༠༡༨ ཟླ་ ༡༢ ཚེས་ ༡༡ ནས་ཚེས་ ༡༢ བར། དེབ་སྐྱེལ། སྒོར་ ༥༠/- ཚོགས་ཡུལ། བོད་ཀྱི་དཔེ་མཛོད་ཁང་གི་ནང་ཆོས་འཛིན་གྲྭ།

མུ་མཐུད་ཀློག

ལས་ཀའི་ས་མིག་གསལ་བསྒྲགས།

འདི་ག་བོད་ཀྱི་དཔེ་མཛོད་ཁང་དུ་བོད་ཡིག་དགེ་རྒན་གྱི་ས་མིག་སྟོང་པ་ཞིག་ཡོད་ལགས་ན་བོད་རིགས་འཛུལ་བློ་ཡོད་རིགས་ཚོས་དེ་ལུགས་དགོངས་ཆུབ་མཛོད།

མུ་མཐུད་ཀློག