གཙོ་ངོས། / གཟིགས་སྐོར།

གཟིགས་སྐོར།

གནད་ཡོད་གཟིགས་སྐོར་བ།

སྤྱི་ལོ་ ༢༠༡༩ ཟླ་ ༢ ཚེས་ ༡༥ ཉིན་ཡུཀ་རན་གྱི་ སྐུ་ཚབ་ཚོགས་ཆུང་ཞིག་འདི་གར་གཟིགས་སྐོར་དུ་ཕེབས་པ།

སྤྱི་ལོ་ ༢༠༡༩ ཟླ་ ༢ ཚེས་ ༡༥ ཉིན་བོད་ཀྱི་དཔེ་མཛོད་ཁང་གི་ངེས་སྟོན་པ་དགེ་བཤེས་ལྷག་རྡོར་ལགས་ནས་ཡུཀ་རན་གྱི་སྐུ་ཚབ་ཚོགས་ཆུང་ཞིག་ལ་དགའ་བསུ་བྱེད་བཞིན་འདི་གའི་ལྟེ་གནས་ལ་གཟིགས་སྐོར་དང་། དེ་བཞིན་འདི་གའི་བྱེད་སྒོ་ཁག  གཞན་ཡང་བོད་པའི་ཕ་མེས་ཀྱི་རིག་གཞུང་སོགས་ཀྱི་སྐོར་ལ་རྒྱུས་སྟོན་བྱེད་བཞིན་པ། འདི་གའི་ངེས་སྟོན་པ་དགེ་བཤེས་ལྷག་རྡོར་ལགས་དང་ཡུཀ་རན་གྱི་ སྐུ་ཚབ་འཐུས་མི་རྣམས་འདི་གར་གཟིགས་སྐོར་ལ་ཕེབས་པའི་སྐབས་ལྷན་རྒྱས་མཉམ་དུ་བསྒྲོན་པའི་སྐུ་པར། བོད་ཀྱི་དཔེ་མཛོད་ཁང་གི་ངེས་སྟོན་པ་དགེ་བཤེས་ལྷག་རྡོར་ལགས་ནས་ལྟ་སྐོར་ལ་ཕེབས་པའི་ཡུཀ་རན་གྱི་ སྐུ་ཚབ་འཐུས་མི་རྣམས་ལ་འདི་གའི་ལྟེ་གནས་ཀྱི་བྱེད་སྒོ་དང་ལས་གཞི་རྣམས་རྒྱུས་སྟོན་བྱེད་བཞིན་པ། འདི་གའི་ཕྱག་དཔེ་གསུང་རྟེན་ཁང་དུ་བསྒྲོན་པའི་སྐུ་པར།

མུ་མཐུད་ཀློག

སྤྱི་ལོ་ ༢༠༡༩ ཟླ་ ༡ ཚེས་ ༡༤ ཉིན་སུད་སི་ཇི་ནི་ཝའི་སྐུ་ཚབ་ཚོགས་ཆུང་ཞིག་འདི་གར་གཟིགས་སྐོར་དུ་ཕེབས་པ།

སྤྱི་ལོ་ ༢༠༡༩ ཟླ་ ༡ ཚེས་ ༡༤ ཉིན་བོད་ཀྱི་དཔེ་མཛོད་ཁང་གི་དྲུང་གཞོན་བསྟན་འཛིན་ལྷ་དབང་ལགས་ནས་འདི་གར་གཟིགས་སྐོར་དུ་ཕེབས་པའི་སུད་སི་ཇི་ནི་ཝའི་སྐུ་ཚབ་ཚོགས་ཆུང་ཞིག་ལ་སྣེ་ལེན་དང་དཔེ་མཛོད་ཁང་གི་ཚན་པ་ཁག་ངོ་སྤྲོད། ཚན་པ་སོ་སོའི་བྱེད་སྒོ་ཁག་རྒྱུས་སྟོན་བྱེད་བཞིན་པ། འདི་གའི་དྲུང་གཞོན་བསྟན་འཛིན་ལྷ་དབང་ལགས་དང་སུད་སི་ཇི་ནི་ཝའི་སྐུ་ཚབ་འཐུས་མི་རྣམས་འདི་གར་གཟིགས་སྐོར་ལ་ཕེབས་པའི་སྐབས་ལྷན་རྒྱས་མཉམ་དུ་བསྒྲོན་པའི་སྐུ་པར། འདི་གའི་ཕྱག་དཔེ་གསུང་རྟེན་ཁང་དུ་བསྒྲོན་པའི་སྐུ་པར། འདི་གའི་འགྲེམས་སྟོན་ཁང་དུ་བསྒྲོན་པའི་སྐུ་པར།

མུ་མཐུད་ཀློག

སྤྱི་ལོ་ ༢༠༡༩ ཟླ་ ༡ ཚེས་ ༩ ཉིན་ ཨ་རུ་ན་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ལས་ཁུངས་ཀྱི་དམིགས་བསལ་ལས་འཛིན་པ་སྐུ་ཞབས་ཨདིཏྱ་ཏིཝརི་མཆོག་འདི་གར་གཟིགས་སྐོར་དུ་ཕེབས་པ།

སྤྱི་ལོ་ ༢༠༡༩ ཟླ་ ༡ ཚེས་ ༩ ཉིན་བོད་ཀྱི་དཔེ་མཛོད་ཁང་གི་དྲུང་གཞོན་བསྟན་འཛིན་ལྷ་དབང་ལགས་ནས་འདི་གར་གཟིགས་སྐོར་དུ་ཕེབས་པའི་ཨ་རུ་ན་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ལས་ཁུངས་ཀྱི་དམིགས་བསལ་ལས་འཛིན་པ་སྐུ་ཞབས་ཨདིཏྱ་ཏིཝརི་མཆོག་ལ་སྣེ་ལེན་དང་དཔེ་མཛོད་ཁང་གི་ཚན་པ་ཁག་ངོ་སྤྲོད། ཚན་པ་སོ་སོའི་བྱེད་སྒོ་ཁག་རྒྱུས་སྟོན་བྱེད་བཞིན་པ། འདི་གའི་ཕྱག་དཔེ་གསུང་རྟེན་ཁང་དུ་བསྒྲོན་པའི་སྐུ་པར། འདི་གའི་ཕྱག་དཔེ་གསུང་རྟེན་ཁང་དུ་བསྒྲོན་པའི་སྐུ་པར།

མུ་མཐུད་ཀློག

སྤྱི་ལོ་ ༢༠༡༨ ཟླ་བ་ ༡༢ ཚེས་ ༡༩ ཉིན་ཤྲི་ན་གར་བོད་རིགས་སློབ་གྲྭའི་སློབ་ཕྲུག་ཁག་གཅིག་འདི་ག་བོད་ཀྱི་དཔེ་མཛོད་ཁང་དུ་གཟིགས་སྐོར་ལ་ཕེབས་པ།

སྤྱི་ལོ་ ༢༠༡༨ ཟླ་བ་ ༡༢ ཚེས་ ༡༩ ཉིན་རྒྱ་གར་བྱང་ཕྱོགས་ཀ་ཤི་མིར་དུ་རྟེན་གཞི་བྱས་པའི་ཤྲི་ན་གར་བོད་རིགས་སློབ་གྲྭའི་འཛིན་སྐྱོང་འགན་འཛིན་མ་སུཐ་སྦཌ་ལགས་ཀྱི་སྣེ་ཁྲིད་འོག་ཤྲི་ན་གར་བོད་རིགས་སློབ་གྲྭའི་སློབ་ཕྲུག་ཁག་གཅིག་འདི་ག་བོད་ཀྱི་དཔེ་མཛོད་ཁང་དུ་གཟིགས་སྐོར་ལ་ཕེབས་པར། འདི་གའི་བྱེད་སྒོ་ཁག་དང་ལས་ཁུངས་སོ་སོའི་སྐོར་ལ་རྒྱུས་སྟོན་ཞུས་པ། འདི་གའི་འགྲེམས་སྟོན་ཁང་དུ་བསྒྲོན་པའི་སྐུ་པར། སྒྲ་སྦྱོར་དང་བརྙན་འཕྲིན་ཚན་པར་གཟིགས་སྐོར་དུ་ཕེབས་སྐབས། འདི་གའི་ཕྱག་དཔེ་གསུང་རྟེན་ཁང་དུ་བསྒྲོན་པའི་སྐུ་པར། ལྷན་རྒྱས་མཉམ་དུ་བསྒྲོན་པའི་སྐུ་པར། སློབ་ཕྲུག་རྣམས་ཀྱིས་དོ་སྣང་ཆེན་པོའི་ངང་ཉན་བཞིན་པ།

མུ་མཐུད་ཀློག

སྤྱི་ལོ་ ༢༠༡༨ ཟླ་ ༡༢ ཚེས་ ༡༡ ཉིན་ཨ་ཕི་རི་ཀ་ཀོང་གོའི་རྒྱལ་ཁབ་ནས་ཡིན་པའི་ GCCSCHR ཚོགས་མི་སྐུ་ཚབ་ཁག་གཅིག་ལྟ་སྐོར་དུ་ཕེབས་པ།

སྤྱི་ལོ་ ༢༠༡༨ ཟླ་ ༡༢ ཚེས་ ༡༡ ཉིན་ཨ་ཕི་རི་ཀ་ཀོང་གོའི་རྒྱལ་ཁབ་ནས་ཡིན་པའི་ GCCSCHR ཚོགས་མི་སྐུ་ཚབ་ཁག་གཅིག་ལྟ་སྐོར་དུ་ཕེབས་པར། འདི་ག་བོད་ཀྱི་དཔེ་མཛོད་ཁང་གི་ངེས་སྟོན་པ་དགེ་བཤེས་ལྷག་རྡོར་ལགས་ནས་འཐུས་མི་རྣམས་ལ་འདི་གའི་ལྟེ་གནས་ཀྱི་བྱེད་སྒོ་དང་ལས་གཞི་རྣམས་རྒྱུས་སྟོན་བྱས་ཡོད།

མུ་མཐུད་ཀློག

སྤྱི་ལོ་ ༢༠༡༨ ཟླ་ ༡༡ ཚེས་ ༡༦ ཉིན་ཨོ་སི་ཀྲོ་ལི་ཡའི་བོད་མིར་རྒྱབ་སྐྱོར་ལྷན་ཁང་གི་འཐུས་མི་ཁག་གཅིག་འདི་གར་གཟིགས་སྐོར་དུ་ཕེབས་པ།

སྤྱི་ལོ་ ༢༠༡༨ ཟླ་བ་ ༡༡ ཚེས་ ༡༦ ཉིན་ཨོ་སི་ཀྲོ་ལི་ཡའི་བོད་མིར་རྒྱབ་སྐྱོར་ལྷན་ཁང་གི་འཐུས་མི་བརྒྱད་ལ། འདི་གའི་ངེས་སྟོན་པ་དགེ་བཤེས་ལྷག་རྡོར་ལགས་ནས་དགའ་བསུ་བྱེད་བཞིན་དཔེ་མཛོད་ཁང་དུ་གཟིགས་སྐོར་དང་། དེ་བཞིན་འདི་གའི་བྱེད་སྒོ་ཁག  གཞན་ཡང་འདི་གའི་ལས་ཁུངས་ཁག་གི་སྐོར་ལ་རྒྱུས་སྟོན་བྱེད་བཞིན་པ། འདིར་ཕེབས་པའི་ཨོ་སི་ཀྲོ་ལི་ཡའི་བོད་མིར་རྒྱབ་སྐྱོར་ལྷན་ཁང་གི་འཐུས་མི་རྣམས་འདི་གའི་ངེས་སྟོན་པ་དགེ་བཤེས་ལྷག་རྡོར་ལགས་དང་མཉམ་དུ་སྒྲ་སྦྱོར་དང་བརྙན་འཕྲིན་ཚན་པར་གཟིགས་སྐོར་དུ་ཕེབས་སྐབས། འདིར་ཕེབས་པའི་ཨོ་སི་ཀྲོ་ལི་ཡའི་བོད་མིར་རྒྱབ་སྐྱོར་ལྷན་ཁང་གི་འཐུས་མི་རྣམས་འདི་གའི་ངེས་སྟོན་པ་དགེ་བཤེས་ལྷག་རྡོར་ལགས་དང་མཉམ་དུ་ནང་ཆོས་འཛིན་ཁང་ནང་གཟིགས་སྐོར་དུ་ཕེབས་སྐབས། འདིར་ཕེབས་པའི་ཨོ་སི་ཀྲོ་ལི་ཡའི་བོད་མིར་རྒྱབ་སྐྱོར་ལྷན་ཁང་གི་འཐུས་མི་རྣམས་འདི་གའི་ངེས་སྟོན་པ་དགེ་བཤེས་ལྷག་རྡོར་ལགས་དང་མཉམ་དུ་སྒྲ་སྡུད་ཁང་ལ་གཟིགས་སྐོར་དུ་ཕེབས་སྐབས། འདི་གའི་ངེས་སྟོན་པ་དགེ་བཤེས་ལྷག་རྡོར་ལགས་དང་ཨོ་སི་ཀྲོ་ལི་ཡའི་བོད་མིར་རྒྱབ་སྐྱོར་ལྷན་ཁང་གི་འཐུས་མི་རྣམས་འདི་གར་གཟིགས་སྐོར་ལ་ཕེབས་པའི་སྐབས་ལྷན་རྒྱས་མཉམ་དུ་བསྒྲོན་པའི་སྐུ་པར།

མུ་མཐུད་ཀློག

སྤྱི་ལོ་ ༢༠༡༨ ཟླ་ ༡༡ ཚེས་ ༢ ཉིན་རྒྱ་རིགས་ཚན་རིག་པ་ཁག་གཅིག་འདི་གར་གཟིགས་སྐོར་དུ་ཕེབས་པ།

༄༅། །སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་མཉམ་དུ་ཚད་རྡུལ་དངོས་ཁམས་དང་འབྲེལ་བའི་བགྲོ་གླེང་དུ་ཕེབས་པའི་རྒྱ་རིགས་ཚན་རིག་པ་རྣམས་ལ།  འདི་ལོའི་སྤྱི་ཟླ་ ༡༡ ཚེས་ ༢ ཉིན་དགེ་བཤེས་ལྷག་རྡོར་ལགས་ནས་དགའ་བསུ་བྱེད་བཞིན་དཔེ་མཛོད་ཁང་དུ་གཟིགས་སྐོར་དང་། ཆོས་དང་མ་འབྲེལ་བའི་བཟང་སྤྱོད་སྐོར་གྱི་གསུང་བཤད། དེ་བཞིན་འདི་གའི་བྱེད་སྒོ་ཁག གཞན་ཡང་འདི་གའི་ལས་ཁུངས་ཁག་གི་སྐོར་ལ་རྒྱུས་སྟོན་བྱེད་བཞིན་པ། དགེ་བཤེས་ལགས་ནས་གཟིགས་སྐོར་དུ་ཕེབས་པའི་ཚན་རིག་པ་རྣམས་ལ་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་སྐོར་གྱི་གསུང་བཤད་གནང་བཞིན་པ། གསོལ་ཇའི་བར་གསེང་སྐབས་ཀྱི་དགོད་སྒྲའི་རྣམ་པ། དགེ་བཤེས་ལགས་ནས་གཟིགས་སྐོར་དུ་ཕེབས་པའི་ཚན་རིག་པ་རྣམས་ལ་འདི་གའི་འགྲེམས་སྟོན་ཁང་གི་སྐོར་རྒྱུས་སྟོན་བྱེད་བཞིན་པ། འདིར་ཕེབས་པའི་རྒྱ་རིགས་ཚན་རིག་པ་རྣམས་ལ་དགེ་བཤེས་ལགས་ནས་འདི་གའི་ཕྱག་དཔེ་གསུང་རྟེན་ཁང་གིས་ཉར་ཚགས་ལེགས་པར་བྱས་པའི་ཆོས་དཔེ་རིན་ཐང་ཆེ་བའི་དཔེ་ཚོགས་རྣམས་ཀྱི་སྐོར་འགྲེལ་བརྗོད་བྱེད་བཞིན་པ། དགེ་བཤེས་མཆོག་དང་ལྷན་དུ་བསྒྲོན་པའི་པར།

མུ་མཐུད་ཀློག

སྤྱི་ལོ་ ༢༠༡༨ ཟླ་ ༡༡ ཚེས་ ༡ ཉིན་ཅི་ལི་རྒྱལ་ཁབ་ཀྱི་གྲོས་ཚོགས་འཐུས་མི་ཁག་གཅིག་འདི་གར་གཟིགས་སྐོར་དུ་ཕེབས་པ།

སྤྱི་ལོ་ ༢༠༡༨ ཟླ་ ༡༡ ཚེས་ ༡ ཉིན་ ལེ་ཊིན་ཨ་མེ་རི་ཀ་སྐུ་ཚབ་དོན་གཅོད་ཁང་གི་གོ་སྒྲིག་འོག་བོད་ཀྱི་དཔེ་མཛོད་ཁང་དུ་ཅི་ལི་རྒྱལ་ཁབ་ཀྱི་གྲོས་ཚོགས་འཐུས་མི་དྲུག་ལ། འདི་གའི་དྲུང་གཞོན་བསྟན་འཛིན་ལྷ་དབང་ལགས་ནས་དགའ་བསུ་བྱེད་བཞིན་དཔེ་མཛོད་ཁང་དུ་གཟིགས་སྐོར་དང་། དེ་བཞིན་འདི་གའི་བྱེད་སྒོ་ཁག  གཞན་ཡང་འདི་གའི་ལས་ཁུངས་ཁག་གི་སྐོར་ལ་རྒྱུས་སྟོན་བྱེད་བཞིན་པ། འདི་གའི་འགྲེམས་སྟོན་ཁང་དུ་བསྒྲོན་པའི་སྐུ་པར། འདི་གའི་དྲུང་གཞོན་བསྟན་འཛིན་ལྷ་དབང་ལགས་དང་ཅི་ལི་རྒྱལ་ཁབ་ཀྱི་གྲོས་ཚོགས་འཐུས་མི་རྣམས་འདི་གའི་ཕྱག་དཔེ་གསུང་རྟེན་ཁང་དུ་བསྒྲོན་པའི་སྐུ་པར། འདི་གའི་དྲུང་གཞོན་བསྟན་འཛིན་ལྷ་དབང་ལགས་དང་ཅི་ལི་རྒྱལ་ཁབ་ཀྱི་གྲོས་ཚོགས་འཐུས་མི་རྣམས་འདི་གར་གཟིགས་སྐོར་ལ་ཕེབས་པའི་སྐབས་ལྷན་རྒྱས་མཉམ་དུ་བསྒྲོན་པའི་སྐུ་པར།

མུ་མཐུད་ཀློག

སྤྱི་ལོ་ ༢༠༡༨ ཟླ་ ༡༠ ཚེས་ ༢༥ ཉིན་ཨིན་ཡུལ་གྱི་ཤེས་ཡོན་དང་ཚོང་འབྲེལ་འཐུས་མི་ཚོགས་ཁག་གཅིག་འདི་གར་གཟིགས་སྐོར་དུ་ཕེབས་པ།

སྤྱི་ལོ་ ༢༠༡༨ ཟླ་ ༡༠ ཚེས་ ༢༥ ཉིན་ལོན་ཌོན་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གི་གོ་སྒྲིག་འོག་བོད་ཀྱི་དཔེ་མཛོད་ཁང་དུ་ཨིན་ཡུལ་གྱི་ཤེས་ཡོན་དང་ཚོང་འབྲེལ་འཐུས་མི་བདུན་ལ། འདི་གའི་ངེས་སྟོན་པ་དགེ་བཤེས་ལྷག་རྡོར་ལགས་ནས་དགའ་བསུ་བྱེད་བཞིན་དཔེ་མཛོད་ཁང་དུ་གཟིགས་སྐོར་དང་། དེ་བཞིན་འདི་གའི་བྱེད་སྒོ་ཁག  གཞན་ཡང་འདི་གའི་ལས་ཁུངས་ཁག་གི་སྐོར་ལ་རྒྱུས་སྟོན་བྱེད་བཞིན་པ། འདི་གའི་ངེས་སྟོན་པ་དགེ་བཤེས་ལྷག་རྡོར་ལགས་དང་ཨིན་ཡུལ་གྱི་ཤེས་ཡོན་དང་ཚོང་འབྲེལ་འཐུས་མི་རྣམས་འདི་གར་གཟིགས་སྐོར་ལ་ཕེབས་པའི་སྐབས་ལྷན་རྒྱས་མཉམ་དུ་བསྒྲོན་པའི་སྐུ་པར། འདི་གའི་ངེས་སྟོན་པ་དགེ་བཤེས་ལྷག་རྡོར་ལགས་དང་ཨིན་ཡུལ་གྱི་ཤེས་ཡོན་དང་ཚོང་འབྲེལ་འཐུས་མི་རྣམས་འདི་གའི་ཕྱག་དཔེ་གསུང་རྟེན་ཁང་དུ་བསྒྲོན་པའི་སྐུ་པར། ལོན་ཌོན་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གི་ཁྲིམས་རྩོད་པ་ཀུན་དགའ་ལགས་ནས་གཟིགས་སྐོར་དུ་ཕེབས་པའི་འཐུས་མི་རྣམས་ལ་འདི་གའི་འགྲེམས་སྟོན་ཁང་དུ་ཉར་ཚགས་བྱས་ཡོད་པའི་རིག་དངོས་རྣམས་ཀྱི་སྐོར་འགྲེལ་བརྗོད་བྱེད་བཞིན་པ། འདིར་ཕེབས་པའི་ཨིན་ཡུལ་གྱི་འཐུས་མི་རྣམས་འདི་གའི་ངེས་སྟོན་པ་དགེ་བཤེས་ལྷག་རྡོར་ལགས་དང་མཉམ་དུ་སྒྲ་སྦྱོར་དང་བརྙན་འཕྲིན་ཚན་པར་གཟིགས་སྐོར་དུ་ཕེབས་སྐབས།

མུ་མཐུད་ཀློག

སྤྱི་ལོ་ ༢༠༡༨ ཟླ་བ་ ༡༠ ཚེས་ ༢༢ ཉིན་སིངྒ་པུར་དང་མ་ལེ་ཤི་ཡ་རུ་རྟེན་གཞི་བྱས་པའི་ཨ་རིའི་གཞུང་ཚབ་ཀྱི་ཆུང་མ་རྣམ་གཉིས་འདི་གར་ལྟ་སྐོར་དུ་ཕེབས་པ།

སྤྱི་ལོ་ ༢༠༡༨ ཟླ་བ་ ༡༠ ཚེས་ ༢༢ ཉིན་སིངྒ་པུར་དུ་རྟེན་གཞི་བྱས་པའི་ཨ་རིའི་གཞུང་ཚབ་ཀྱི་ཆུང་མ་ལྕམ་ Chan Peck See དང་། མ་ལེ་ཤི་ཡ་རུ་རྟེན་གཞི་བྱས་པའི་ཨ་རིའི་གཞུང་ཚབ་ཀྱི་ཆུང་མ་ལྕམ་ Donovan Chou Wu རྣམ་གཉིས་ལྟ་སྐོར་དུ་ཕེབས་པར། འདི་ག་བོད་ཀྱི་དཔེ་མཛོད་ཁང་གི་དྲུང་གཞོན་བསྟན་འཛིན་ལྷ་དབང་ལགས་ནས་ཨ་རིའི་གཞུང་ཚབ་ཀྱི་ཆུང་མ་རྣམ་གཉིས་ལ་འདི་གའི་ལྟེ་གནས་ཀྱི་བྱེད་སྒོ་དང་ལས་གཞི་ཁག་རྒྱུས་སྟོན་བྱས་ཡོད། བོད་ཀྱི་དཔེ་མཛོད་ཁང་གི་ངེས་སྟོན་པ་དགེ་བཤེས་ལྷག་རྡོར་ལགས་དང་། དྲུང་གཞོན་བསྟན་འཛིན་ལྷ་དབང་ལགས། ཨ་རིའི་གཞུང་ཚབ་ཀྱི་ཆུང་མ་རྣམ་གཉིས་བཅས་ལྷན་དུ་བསྒྲོན་པའི་སྐུ་པར། འདི་ག་བོད་ཀྱི་དཔེ་མཛོད་ཁང་གི་དྲུང་གཞོན་བསྟན་འཛིན་ལྷ་དབང་ལགས་ནས་ཨ་རིའི་གཞུང་ཚབ་ཀྱི་ཆུང་མ་རྣམ་གཉིས་ལ་འདི་གའི་ལྟེ་གནས་ཀྱི་བྱེད་སྒོ་དང་ལས་གཞི་ཁག་རྒྱུས་སྟོན་བྱེད་བཞིན་པ། འདི་ག་བོད་ཀྱི་དཔེ་མཛོད་ཁང་གི་དྲུང་གཞོན་བསྟན་འཛིན་ལྷ་དབང་ལགས་ནས་འགྲེམས་སྟོན་ཁང་གི་རྩ་ཆེའི་ཅ་དངོས་སོགས་ཀྱི་སྐོར་འགྲེལ་བཤད་གནང་བཞིན་པ།

མུ་མཐུད་ཀློག