གཙོ་ངོས། / ནང་ཆོས་ལྟ་གྲུབ་འཛིན་གྲྭ་གསུམ་པ།

ནང་ཆོས་ལྟ་གྲུབ་འཛིན་གྲྭ་གསུམ་པ།

འཆད་ཁྲིད་འདི་ནི་སྐད་སྒྱུར་མེད་པར་ཐད་ཀར་བོད་སྐད་ཐོག་འཁྲིད་རྒྱུ་ཡིན། འདིའི་ཁྲིད་གཞུང་གཙོ་བོ་ནང་པའི་ཚན་རིག་དང་ལྟ་གྲུབ་ཀུན་བཏུས་གཞི་ལ་བཞག་ཡོད་པ་དང་། བརྗོད་བྱ་ནང་པའི་ཚན་རིག་གི་རྣམ་གཞག་ལས་ཕྱི་སྣོད་ཀྱི་འཇིག་རྟེན་ཆགས་ཚུལ་སྐོར་དང་། དུས་དང་རྡུལ་ཕྲན་གྱི་རྣམ་གཞག མིའི་གཟུགས་ཕུང་གྲུབ་ཚུལ། ནང་པའི་སེམས་ཁམས་རིག་པའི་སྐོར་ཏེ། སེམས་ཕྲ་རགས་ཀྱི་རྣམ་གཞག བློ་ཡུལ་ལ་འཇུག་ཚུལ་དང་འཇུག་པའི་ཐབས། བློ་སྦྱོང་ཚུལ་སོགས་ཀྱི་སྐོར་ལ་འཆད་ཁྲིད་གནང་རྒྱུ་དང་། ནང་པའི་ཚན་རིག་དང་ལྟ་གྲུབ་ཀུན་བཏུས་ཀྱི་བསྟན་བཅོས་འདི་བཞིན་ཨིན་སྐད་དང་རྒྱ་སྐད་ཀྱི་འགྱུར་ཡང་ཡོད།

དུས་ཚོད། ཉིན་གུང་། ཆུ་ཚོད་ ༢།༠༠ ནས་ ༣།༠༠ བར།
ཁྲིད་གཞུང་། ནང་པའི་ཚན་རིག་དང་ལྟ་གྲུབ་ཀུན་བཏུས་ཀྱི་པོད་དང་པོ།
སློབ་དཔོན། དགེ་བཤེས་བློ་བཟང་བརྩོན་འགྲུས་ལགས།
ཚེས་གྲངས། ཕྱི་ཟླ་ ༣ ཚེས་ ༡ ནས་ཕྱི་ཟླ་ ༧ ཚེས་ ༡༣ བར།

དུས་ཚོད། ཉིན་གུང་། ཆུ་ཚོད་ ༢།༠༠ ནས་ ༣།༠༠ བར།
ཁྲིད་གཞུང་། ནང་པའི་ཚན་རིག་དང་ལྟ་གྲུབ་ཀུན་བཏུས་ཀྱི་པོད་གཉིས་པ།
སློབ་དཔོན། དགེ་བཤེས་རྒྱལ་མཚན་ཚེ་རིང་ལགས།
ཚེས་གྲངས། ཕྱི་ཟླ་ ༨ ཚེས་ ༡ ནས་ཕྱི་ཟླ་ ༡༢ ཚེས་ ༡༢ བར།