གཏམ་ཚོགས།: ༢༠༡༦-༣༦-༢ Kindle Edition

Rs. 180.00

Buy (Kindle Edition)

SKU: ltwa-p006 Category:

Description

༄༅་བརྗོད་བྱ་དེ་དག་ལས་ཁོ་བོས་གང་ཞིག་རྩལ་དུ་བཏོན་པ་ཡིན་ཞེ་ན། མངལ་ཆགས་པའི་རྒྱུ་རྐྱེན་དང་། མངལ་མི་ཆགས་པའི་རྒྱུ་མཚན། མངལ་ཇི་ལྟར་ཆགས་ཚུལ། མངལ་གྱི་གནས་སྐབས་སུ་བདུན་ཕྲག་རེ་རེ་བཞིན་འགྱུར་བ་ཅི་ཞིག་ཐེབས་པ་དང་། ཇི་ལྟར་ཐེབས་པ། འགྱུར་བྱེད་རླུང་གི་
རྣམ་གྲངས་ཇི་ཡོད། ལུས་ལ་རྒྱུ་བའི་སྲིན་བུའི་རིགས་དང་རྣམ་གྲངས་ཇི་ཡོད་རྣམས་རྩལ་དུ་བཏོན་ཡོད། རྩ་བའི་མདོ་འདི་ནི་དགའ་བོ་ལ་ངེས་འབྱུང་སྐྱེ་ཐབས་ཡིན་པས་སྡུག་བསྔལ་གྱི་སྐོར་ཧ་ཅང་མང་མོད། མངལ་ཆགས་པ་དང་མི་ཆགས་པའི་རྒྱུ་རྐྱེན་དང་། རླུང་དང་སྲིན་བུ་ཕྲ་མོ་དག་གི་མིང་དང་རྣམ་གྲངས་རྣམས་རྩལ་དུ་བཏོན་པ་ནི། ནང་ཆོས་དང་ཚན་རིག་གཤིབ་བསྡུར་བྱེད་པའི་སྐབས་ཡིན་པ་དང་། བོད་སྐད་ཐོག་ཐ་སྙད་མང་པོ་ཞིག་གསར་བཟོ་དང་ཕབ་སྒྱུར་བྱེད་པའི་སྐབས་ཡིན་པས་ཀྱང་ཕན་ཐོགས་ཕྲན་བུ་རེ་འབྱུང་སྲིད་སྙམ་པ་ཡིན།

Reviews

There are no reviews yet.

Only logged in customers who have purchased this product may leave a review.