དཔེ་མཛོད་སྤེལ་གསར།

January, 2018

  • 17 January

    ཤེས་ཡོན་བརྗེ་ལེན་གྱི་གྲོས་མཐུན་བཞག་པ།

      བོད་ཀྱི་དཔེ་མཛོད་ཁང་གི་ངེས་སྟོན་པ་དགེ་བཤེས་ལྷག་རྡོར་ལགས་དང་། ཧི་མ་ཅལ་དབུས་གཙུག་ལག་སློབ་གཉེར་ཁང་གི་ངེས་སྟོན་པ་སྐུ་ཞབས་ཁོལ་ཌིབ་ ཨ་གྷི་ནེ་ཧོ་ཏྲི་རྣམ་གཉིས་ཀྱིས་ཤེས་ཡོན་བརྗེ་ལེན་གྱི་གན་རྒྱར་མཚན་རྟགས་འགོད་བཞིན་པ། བོད་ཀྱི་དཔེ་མཛོད་ཁང་དང་ཧི་མ་ཅལ་དབུས་གཙུག་ལག་སློབ་གཉེར་ཁང་གཉིས་དབར་ཤེས་ཡོན་བརྗེ་ལེན་གྱི་གན་རྒྱར་མཚན་རྟགས་འགོད་བཞིན་པ།   བོད་ཀྱི་དཔེ་མཛོད་ཁང་གི་ལས་བྱེད་རྣམ་པ། ཕྱི་ལོ་ ༢༠༡༨ ཟླ་ ༡ ཚེས་ ༡༧ ཉིན་དྷ་ས་བོད་ཀྱི་དཔེ་མཛོད་ཁང་དང་ཧི་མ་ཅལ་དབུས་གཙུག་ལག་སློབ་གཉེར་ཁང་གཉིས་དབར་གནའ་དེང་ཤེས་ཡོན་བརྗེ་ལེན་བྱ་རྒྱུ་ཡིན་པའི་གྲོས་མཐུན་ཞིག་བཞག་ཡོད་པ་དང་། ཚོགས་མགོན་དུ་བོད་ཀྱི་དཔེ་མཛོད་ཁང་གི་ངེས་སྟོན་པ་དགེ་བཤེས་ལྷག་རྡོར་ལགས་དང་། སྤྱི་ཁབ་དྲུང་ཆེ། དེ་བཞིན་འབྲེལ་ཡོད་དཔེ་མཛོད་ལས་བྱེད་རྣམ་པ་དང་། ཧི་མ་ཅལ་དབུས་གཙུག་ལག་སློབ་གཉེར་ཁང་གི་ངེས་སྟོན་པ་སྐུ་ཞབས་ཁོལ་ཌིབ་ ཨ་གྷི་ནེ་ཧོ་ཏྲི་ལགས་དང་འཛིནསྐྱོང་གི་འགན་འཛིན་བཅས་ལྷན་བཞུགས་གནང་ཡོད་པ་རེད།

    མུ་མཐུད་ཀློག
  • 16 January

    བློ་སྦྱོང་ཞེན་པ་བཞི་བྲལ་དང་ལམ་གཙོ་རྣམ་གསུམ་གྱི་འཆད་ཁྲིད།

    བོད་ཀྱི་དཔེ་མཛོད་ཁང་གི་ངེས་སྟོན་པ་དགེ་བཤེས་ལྷག་རྡོར་ལགས་ནས་ཨིན་སྐད་ཐོག་ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་གྱིས་མཛད་པའི་བློ་སྦྱོང་ཞེན་པ་བཞི་བྲལ་དང་། རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་ལམ་གཙོ་རྣམ་གསུམ་གྱི་འཆད་ཁྲིད་གནང་རྒྱུ། སྐད་ཡིག ཨིན་སྐད། ཟླ་ཚེས། ཕྱི་ལོ་ ༢༠༡༨ ཟླ་ ༡ ཚེས་ ༢༣ ནས་ཚེས་ ༢༥ བར། དུས་ཚོད། ཕྱི་དྲོའི་ཕྱག་ཚོད་ལྔ་པ་ནས་དྲུག་དང་ཕྱེད་བར། ཚོགས་ཡུལ། བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་། སློབ་ཡོན། ཧིན་སྒོར། ༡༠༠

    མུ་མཐུད་ཀློག
  • 10 January

    དཔེ་དེབ་དབུ་འབྱེད།

    སྐུ་ངོ་ཐུབ་བསྟན་བསམ་འཕེལ་ལགས་ནས་དབུ་འབྱེད་གནང་བའི་དཔེ་དེབ་གསུམ་སྟེ། ༡༽ གློ་རྒྱལ་ཕྲན། ༢༽ པཎ་ཆེན་རིན་པོ་ཆེ་འཚོལ་ཞིབ། ༣༽ ལྕགས་ཡོས་བོད་རྒྱའི་གྲོས་མཐུན་བཅས་ཡིན། སྐུ་ངོ་ཐུབ་བསྟན་བསམ་འཕེལ་ལགས་ནས་དཔེ་དེབ་དབུ་འབྱེད་སྐབས་གསུང་བཤད་གནང་བཞིན་པ། དཔེ་དེབ་དབུ་འབྱེད་སྐབས་ཀྱི་ཟུར་ཉན་པ། ཕྱི་ལོ་ ༢༠༡༨ ཟླ་ ༡ ཚེས་ ༡༠ ཉིན་བོད་ཀྱི་དཔེ་མཛོད་ཁང་དུ་བོད་ཀྱི་སྲིད་ཇུས་ཉམས་ཞིབ་ཁང་གི་འགན་འཛིན་སྐུ་ངོ་ཐུབ་བསྟན་བསམ་འཕེལ་ལགས་ནས་༼ ལྕགས་ཡོས་བོད་རྒྱའི་གྲོས་མཐུན། ༽ དང་། ༼ པཎན་ཆེན་རིན་པོ་ཆེ་འཚོལ་ཞིབ། ༽ དེ་བཞིན་ ༼ གློ་རྒྱལ་ཕྲན། ༽ ཞེས་པའི་ལོ་རྒྱུས་དང་འབྲེལ་བའི་དཔེ་དེབ་གལ་ཆེན་གསུམ་དབུ་འབྱེད་གནང་།

    མུ་མཐུད་ཀློག

December, 2017

  • བོད་ཡིག་དཔེ་དེབ།

  • ཨིན་ཡིག་དཔེ་དེབ།

  • ཧིན་དྷི་དཔེ་དེབ།



སྟོན་པའི་མཛད་རྣམ་གསལ་བའི་མེ་ལོང་།
སྒོར། ༣༩༡


རཱ་ཧུལ་མཉམ་དུ་བོད་བསྐྱོད་ཟིན་ཐོ།
སྒོར། ༣༩༠


བརྩེ་དུང་གིས་བཅོམ་པའི་ལང་ཚོ།
སྒོར། ༡༩༥


བློ་སྦྱོང་མཚོན་ཆ་འཁོར་ལོའི་ཟིན་བྲིས།
སྒོར། ༣༢༥


ལྕགས་ཡོས་བོད་རྒྱའི་གྲོས་མཐུན།
སྒོར། ༥༢༡


པཎ་ཆེན་རིན་པོ་ཆེ་འཚོལ་ཞིབ།
སྒོར། ༥༢༡


སྤྲིན་དཀར་ལམ་རྙིང་། སྟོད་ཆ།
སྒོར། ༣༩༡


སྤྲིན་དཀར་ལམ་རྙིང་། བར་ཆ།
སྒོར། ༣༩༡


སྤྲིན་དཀར་ལམ་རྙིང་། སྨད་ཆ།
སྒོར། ༣༩༡


Discourses on Bodhicharyavatara
སྒོར། ༤༤༩


HIGH HOPES
སྒོར། ༣༨༠


Speak Fluent Tibetan
སྒོར། ༤༤༩


A Buddhist Perspective on the Faults of Eating Meat
སྒོར། ༡༩༣


Tara natha's Commentaries on the Heart Sutra
སྒོར། ༤༤༩


Commentary on the Thirty Seven Practices of Bodhisattva
སྒོར། ༡༤༩


Festivals of Tibet
སྒོར། ༡༤༢


The Origin of Tara Tantra
སྒོར། ༡༧༢


Tibet and the British Raj
སྒོར། ༤༧༤


The Good Heart (Hindi)
སྒོར། ༧༦


करुणा शक्ति
སྒོར། ༢༣༠


Bauddharma kã paricaya
སྒོར། ༡༥༣