གཙོ་ངོས། / རིག་གཞུང་ཉམས་ཞིབ་དང་དཔར་སྐྲུན་སྡེ་ཚན།

རིག་གཞུང་ཉམས་ཞིབ་དང་དཔར་སྐྲུན་སྡེ་ཚན།

རྗེས་མ། སྔོན་མ།





རྗེས་མ། སྔོན་མ།

རིག་གཞུང་ཉམས་ཞིབ་དང་དཔར་སྐྲུན་སྡེ་ཚན།

རིག་གཞུང་ཉམས་ཞིབ་དང་དཔར་སྐྲུན་སྡེ་ཚན་གྱིས་བོད་རིག་པ་དང་འབྲེལ་བའི་དཔེ་དེབ་མང་དག་ཅིག་དཔར་སྐྲུན་ཞུས་ཏེ་ས་ཕྱོགས་གང་སར་འགྲེམས་སྤེལ་དང། དེ་བཞིན་ཉམས་ཞིབ་དང་རྩོམ་སྒྱུར་སྡེ་ཚན་དང་ལྷན་དུ་མཉམ་སྦྲེལ་ཐོག་དཔེ་དེབ་མང་པོ་ཞིག་དཔར་སྐྲུན་ཞུ་བཞིན་ཡོད། ཕྱི་ལོ་ ༡༩༧༢ ནས་བཟུང་ད་བར་ཁྱོན་དཔེ་དེབ་མི་འདྲ་བ་གྲངས་ ༢༢༧ ཙམ་དཔར་སྐྲུན་ཞུས་ཡོད་ཅིང་། དེ་ཡང་ཆ་སྙོམ་ལོ་རེར་དུས་དེབ་ཁག་ཐེ་བའི་དཔེ་དེབ་དྲུག་ཙམ་འདོན་སྤེལ་བྱེད་མུས་ཡིན། དཔེ་དེབ་དེ་དག་ཚོང་སྒྱུར་བྱས་པའི་རིན་འབབ་ཀྱིས་འཆར་འཕར་ལས་དོན་ཁག་ལ་འགྲོ་གྲོན་གཏོང་བཞིན་ཡོད་པ་དང་། འདི་ག་སྡེ་ཚན་ནས་དཔར་སྐྲུན་བྱས་པའི་དཔེ་དེབ་ཁག་གིས་འཛམ་གླིང་ནང་བོད་ཀྱི་རིག་གཞུང་དང་ནང་པའི་ལྟ་གྲུབ་ལ་གོ་རྟོགས་ཟབ་མོ་ལོན་པར་ལེགས་སྐྱེས་གང་ལ་གང་འཚམ་ཕུལ་ཡོད།

དཔར་སྐྲུན་སྡེ་ཚན།

ཕྱི་ལོ་ ༡༩༧༢ ལོར་བོད་ཀྱི་དཔེ་མཛོད་ཁང་གསར་འཛུགས་གནང་བའི་དགོས་པ་དང་རྒྱུ་མཚན་གཙོ་བོ་གཅིག་ནི་བོད་ཀྱི་དཔེ་མཛོད་ཁང་གི་དམིགས་འདུན་ལྟར་བོད་ཀྱི་རིག་གཞུང་དང༌། ལོ་རྒྱུས། རྩོམ་རིག ལྟ་གྲུབ། སྲོལ་རྒྱུན་གྱི་རིག་གནས་སོགས་ཀྱི་ཕྱག་དཔེ་ཁག་ཕྱོགས་སྒྲིག་དང༌། ཕབ་སྒྱུར། དཔར་སྐྲུན་བྱ་རྒྱུ་སོགས་ཡིན། དེར་བརྟེན་ཕྱི་ལོ་ ༡༩༧༣ ལོར་དབྱིན་ཡིག་དཔར་སྐྲུན་སྡེ་ཚན་གྱིས་ལས་འགོ་བཙུགས་ཏེ། བོད་ཀྱི་དཔེ་མཛོད་ཁང་གི་ལས་རྟགས་འཁོད་པའི་དཔེ་དེབ་སྣ་མང་ཞིག་དཔར་སྐྲུན་བྱས་དང་བྱེད་མུས་ཡིན།

སྡེ་ཚན་འདིས་བོད་ཀྱི་རིག་གཞུང་ལ་ཉམས་ཞིབ་བྱེད་རྒྱུ་གཙོ་བོར་གྱུར་པའི་ཐོག དཔེ་རྙིང་དཀོན་རིགས་བཙལ་འཚོལ་གྱིས་བསྐྱར་དཔར་དང་། ཕྱག་དེབ་གསར་པ་ཡིན་ཡང་ཀློག་པ་པོར་དགོས་གལ་ཆེ་རིགས་རྣམས་དཔར་སྐྲུན་བྱེད་རྒྱུ་སོགས། དང་ཐོག་ཡིག་འབྲུ་རེ་རེ་བཞིན་གློག་ཀླད་དུ་བཙུད་རྒྱུ་ནས་འགོ་བཙུགས་ཏེ་ཐ་མའི་ཞུ་དག་དང་དེབ་གཟུགས་བཟོ་སྐྲུན་བར་གྱི་བརྒྱུད་རིམ་ཆ་ཚང་ལྷག་ལུས་མེད་པར་སྒྲུབ་ཀྱིན་ཡོད། འདི་ག་ནས་དཔར་སྐྲུན་གང་ཞིག་བྱས་པ་རྣམས་དཔར་སྐྲུན་བྱེད་དགོས་མིན་དང་། དཔར་སྐྲུན་བྱས་ན་རྒྱ་ཆེའི་ཀློག་པ་པོ་དག་ལ་ཕན་རླབས་ཅི་ཙམ་ཡོད་མེད་སོགས་ལ་ཞིབ་འཇུག་གཙོ་བོར་བྱས་ཏེ་དཔར་སྐྲུན་དགོས་མིན་གྱི་ཐག་གཅོད་བྱེད་ཀྱི་ཡོད།

སྡེ་ཚན་འདིས་ད་བར་ཁྱོན་དུས་དེབ་དང་དཔེ་དེབ་གྲངས་ ༥༦༧ ཙམ་འགྲེམ་སྤེལ་བྱས་ཡོད།

༡ ༽ ཨིན་སྐད་དཔར་སྐྲུན་སྡེ་ཚན།
སྡེ་ཚན་འདིས་ནང་པའི་ལྟ་གྲུབ་དང་འབྲེལ་བའི་དཔེ་དེབ་ཁག་དཔར་སྐྲུན་བྱེད་རྒྱུར་ཤུགས་སྣོན་དང༌། དེ་བཞིན་བོད་ཀྱི་ཁང་པའི་བཟོ་བཀོད་སྐོར་དང་། ལོ་རྒྱུས། ཆབ་སྲིད། གསོ་བ་རིག་པ། སྐད་ཡིག དམངས་ཁྲོད་རིག་གཞུང། གཏམ་དཔེ་སོགས་ཀྱི་སྐོར་ལ་ཁྱོན་དཔེ་དེབ་གྲངས་ ༡༥༡ ཙམ་དཔར་སྐྲུན་ཞུས་ཡོད།

༢ ༽ བོད་སྐད་དཔར་སྐྲུན་སྡེ་ཚན།
སྡེ་ཚན་འདིས་ནང་པའི་ལྟ་གྲུབ་དང་འབྲེལ་བའི་གཞུང་ལུགས་དང་། བོད་ཀྱི་རིས་མེད་སྐྱེས་ཆེན་དམ་པ་རྣམས་ཀྱི་གསུང་རྩོམ་དང་མཛད་རྣམ། སྒྲུང་རྩོམ། ས་གཤིས་རིག་པ། རྒྱལ་རབས་ལོ་རྒྱུས། ཆབ་སྲིད། གསོ་བ་རིག་པ། སྐད་ཡིགདམངས་ཁྲོད་རིག་གཞུང་། གཏམ་དཔེ་སོགས་ཀྱི་སྐོར་ཁྱོན་དཔེ་དེབ་གྲངས་ ༢༢༧ ཙམ་དཔར་སྐྲུན་བྱས་ཡོད།

༣ ༽ ཧིན་དྷི་དཔར་སྐུན་སྡེ་ཚན།
སྡེ་ཚན་འདིས་ནང་ཆོད་དང་རྩོམ་རིག་སོགས་དང་འབྲེལ་བའི་དཔེ་དེབ་གྲངས་ ༦ ཙམ་དཔར་སྐྲུན་ཞུས་ཡོད།

དུས་དེབ།

༡ ༽ བོད་རིག་པའི་དུས་དེབ།
དུས་དེབ་འདི་ནི་ཨིན་ཡིག་ཐོག་ལོ་རེར་ཚར་གཉིས་རེ་འདོན་སྤེལ་བྱེད་བཞིན་པའི་རྒྱལ་སྤྱིའི་དུས་དེབ་ཅིག་ཡིན་པ་དང་། ད་ལྟའི་འདོན་ཐེངས་ ༢༤ ཙམ་ཟིན་ཡོད།

༢ ༽ གཏམ་ཚོགས།
དུས་དེབ་འདི་ནི་བོད་ཡིག་ཐོག་ལོ་རེར་ཚར་གཉིས་རེ་འདོན་སྤེལ་བྱེད་བཞིན་པ་དང་། ད་ལྟའི་ཆར་འདོན་ཐེངས་ ༣༢ ཟིན་ཡོད།

༣ ༽ ཚན་རིག་དུས་དེབ།
དུས་དེབ་འདི་བོད་ཡིག་ཐོག་འདོན་སྤེལ་བྱེད་བཞིན་པ་དང་། ད་བར་འདོན་ཐེངས་ ༡༣ ཟིན་ཡོད།

༤ ༽ བྷོཊ་ཝ་ནི་དུས་དེབ།
དུས་དེབ་འདི་ནི་ཧིན་ཡིག་ཐོག་འདོན་སྤེལ་བྱེད་བཞིན་པ་དང་། འདོན་ཐེངས་གཅིག་གྲུབ་ཡོད།

འདི་ནས་དཔར་སྐྲུན་བྱེད་བཞིན་པའི་དཔེ་དེབ་མང་པོ་ཞིག་རྒྱལ་ཁབ་གཞན་གྱི་སྐད་རིགས་ཏེ། སི་པན་སྐད། འཇར་མན་སྐད། ཧྥ་རན་སི་སྐད། པོར་ཆུ་གྷལ་སྐད། ཨི་ཊ་ལི་སྐད། ཨུ་རུ་སུ་སྐད། ཧང་གྷེ་རི་ཡའི་སྐད། ཧྥི་ནྶི་སྐད། ཉི་ཧོང་སྐད། ཀོ་རེ་ཡའི་སྐད། རྒྱ་སྐད་སོགས་ཀྱི་ནང་ཕབ་སྒྱུར་བྱས་ཡོད་པ་དང་། ད་བར་གོང་སྨོས་སྐད་ཡིག་དེ་དག་ནང་དེབ་གྲངས་ ༧༨ བར་ཕབ་སྒྱུར་ཟིན་ཡོད། སྡེ་ཚན་འདིས་དཔར་སྐྲུན་བདག་དབང་དང་འབྲེལ་བའི་གནང་སྒོ་མཐའ་དག་སྒྲུབ་བཞིན་པ་མ་ཟད། རྩོམ་པ་པོ་དང་དཔར་སྐྲུན་བྱེད་པོའི་དབར་གྲོས་མཐུན་འཇོག་རྒྱུ་དང་། རྒྱལ་སྤྱིའི་ཨང་རྟགས་མཁོ་སྤྲོད་ཀྱང་གནང་མུས་ཡིན།

དཔར་སྐྲུན་ཟིན་པའི་དཔེ་དེབ་ཁག་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་དཔལ་འབྱོར་དཔར་སྐྲུན་ཁང་ (www.paljorpublications.com) ནས་འགྲེམ་སྤེལ་གནང་བཞིན་པ་མ་ཟད། འདི་ག་བོད་ཀྱི་དཔེ་མཛོད་ཁང་གི་དཔེ་དེབ་བླུ་ཡོན་ཁང་ནས་ཀྱང་ཚོང་འགྲེམ་བྱེད་བཞིན་ཡོད།

ཕབ་ལེན་བྱེད་ཐུབ་པའི་རྒྱུ་ཆ།

  • Tibet Journal 2013 No.1 and 2
  • Tibet Journal 2013 No.3 and 4
  • Tibet Journal 2012 No.4
  • Tibet Journal 2012 No.3
  • Tibet Journal 2012 No.2
  • Tibet Journal 2012 No.1
Tibet Journal 2013 No.1 and 2 |

Download (PDF, 636KB)

Tibet Journal 2013 No.3 and 4 |

Download (PDF, 2.18MB)

Tibet Journal 2012 No.4 |

Download (PDF, 400KB)

Tibet Journal 2012 No.3 |

Download (PDF, 516KB)

Tibet Journal 2012 No.2 |

Download (PDF, 261KB)

Tibet Journal 2012 No.1 |

Download (PDF, 3.87MB)

 
སྡེ་ཚན་འགན་འཛིན།

 
མཚན། སངས་རྒྱས་བསྟན་དར།
གློག་འཕྲིན། publications(at)tibetanlibrary.org